ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གུ་ཀྷེ་ལེའི་ལ་མི་བསད་པའི་ཉེས་དོན་གྱོད་གཞིའི་ཐད་ཁྲིམས་ཞིབ་བྱ་རྒྱུ་ཡིན་པ།


རྒྱ་ནག་གི་དམར་ཤོག་ཚོགས་པའི་ལས་གནས་གལ་ཆེ་ཁག་ནས་གནས་དབྱུངས་བཏང་བ་ དྲུང་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་ཟུར་པ་བྷོ་ཤཱི་ལེའི་ཡི་ཟ་ཟླ་གུ་ཀྷེ་ལེའི་ལ་ དབྱིན་ཇིའི་ཚོང་པ་ཞིག་བསད་པའི་ཉེས་དོན་གྱོད་གཞིའི་ཐད་ རེས་གཟའ་ཕུར་བུའི་ཉིན་ཁྲིམས་ཞིབ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་ ཕྱི་ནང་གི་མི་མང་པོས་དོ་སྣང་ཆེན་པོ་བྱ་རྒྱུའི་ཁྲིམས་ཞིབ་འདིའི་ཐོག་ནས་ རྒྱ་ནག་དམར་ཤོག་གི་མཐོ་རིམ་འགོ་ཁྲིད་ནང་ཁུལ་གྱི་སྐྱོན་ཚང་རྣམས་ ཚང་མའི་མདུན་དུ་མ་ཐོན་པ་བྱ་རྒྱུའི་ཆེད་དུ་འབྲེལ་ཡོད་ཚོས་ཐབས་བྱུས་བཏིང་ཡོད་པར་མི་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG