ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

རྒྱ་ནག་གི་སྤར་ཁ་དམ་པོའི་སྐྱོབ་གསོ།


ཉེ་ཆར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཧྥི་ལི་ཕིན་ལ་རྒྱ་མཚོའི་དྲག་ཆར་རླུང་འཚུབ་ཀྱིས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཆེན་པོ་ཕོག་ཅིང་། ཨ་མི་རི་ཀ་དང་ཉི་ཧོང་སོགས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཁག་གིས་ཧྥི་ལི་ཕིན་ལ་ཨ་སྒོར་ས་ཡ་མང་པོ་སྐྱོབ་གསོ་རོགས་རམ་དང་ངལ་སྐྱོབ། རྒྱལ་ཁབ་དེའི་མི་དམངས་ལ་རང་བྱུང་ཁམས་ཀྱི་གནོད་འཚེ་ཕོག་ཡོད་པའི་དུས་སུ་དཀའ་སྡུག་མཉམ་ཁུར་གྱི་རོགས་སྐྱོར་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཧྥི་ལི་ཕིན་ལ་ཨ་སྒོར་འབུམ་གཅིག་སྐྱོབ་གསོ་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་པ་དང་། རྒྱ་ནག་གི་རྒྱ་གྲམ་དམར་པོས་ཧྥི་ལི་ཕིན་ལ་ཨ་སྒོར་འབུམ་གཅིག་གི་སྐྱོབ་གསོ་རོགས་རམ་སྤྲད་ཡོད་པ་བཅས་ཁྱོན་བསྡོམས་རྒྱ་ནག་གིས་ཧྥི་ལི་ཕིན་ལ་ཨ་སྒོར་འབུམ་༢་ལས་སྐྱོབ་གསོ་རོགས་རམ་སྤྲད་མེད་པ་རེད། སྤྱིར་རྒྱ་ནག་གིས་ཐེངས་འདིའི་གོ་སྐབས་བཟུང་ཧྥི་ལི་ཕིན་ལ་སྐྱོབ་གསོ་རོགས་རམ་མང་ཙམ་སྤྲད་དེ། ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཚོམ་འགའ་ཞིག་གི་བདག་དབང་བརྩད་ནས་འགལ་ཟླ་ཡོད་པ་སེལ་ཐུབ་པའི་གོ་སྐབས་བཟང་པོ་ཞིག་བྱངུ་ཡོད་རུང་། རྒྱ་ནག་ལ་གཏོང་ཕོད་ཀྱི་སྙིང་སྟོབས་མེད་པར་ཧྥི་ལི་ཕིན་ལ་འབྲེལ་བ་ཡག་ཏུ་གཏོང་བའི་གོ་སྐབས་འཐུས་ཤོར་སོང་ཡོད་པ་དང་། ཨ་མི་རི་ཀས་ཧྥི་ལི་ཕིན་ལ་ཨ་སྒོར་ས་ཡ་༢༠་ཐམ་པའི་སྐྱོབ་གསོ་རོགས་རམ་དང་སྨན། ཨ་རིའི་མཚོ་དམག་སྟོང་ཕྲག་༥་དང་གནམ་གྲུ་༨༠་ཐམ་ས་གནས་ས་ཐོག་ཏུ་བཏང་ནས་ཧྥི་ལི་ཕིན་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ཨ་མི་རི་ཀའི་དམག་གྲུ་ཆེན་པོ་ཞིག་ཧོང་ཀོང་ནས་ཧྥི་ལི་ཕིན་ལ་བཏང་སྟེ་རང་བྱུང་ཁམས་ཀྱི་གོད་ཆག་མྱོང་བའི་མི་མང་རྣམས་ཉེན་སྐྱོབ་བྱ་འཆར་ཡོད་པ་དང་། ཉི་ཧོང་གིས་ཧྥི་ལི་ཕིན་ལ་ཨ་སྒོར་ས་ཡ་༡༠་ཐམ་པའི་སྐྱོབ་གསོ་རོགས་རམ་དང་ཨོ་སེ་ཊི་རེ་ལི་ཡས་ཨ་སྒོར་ས་ཡ་༩་དང་འབུམ་༥་སྐྱོབ་གསོ་རོགས་རམ་སྤྲོད་ཀྱི་ཡོད་པ་དེ་ལ་བལྟས་ཚེ། འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་ཡིན་པའི་རྒྱ་ནག་གིས་ཧྥི་ལི་ཕིན་ལ་ཨ་སྒོར་འབུམ་གཉིས་ཀྱི་སྐྱོབ་གསོ་རོགས་རམ་ལས་སྤྲད་མེད་པ་ངོ་ཚ་དགོས་པ་ཞིག་ཆགས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG