ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དམར་ཤོག་གི་དབུས་འཐུས་མི་ལྷན་ཁང་གི་སྐབས་ལྔ་བའི་གྲོས་ཚོགས།


པེ་ཅིང་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་ཅང་ཞི་མགྲོན་ཁང་ཆེན་མོར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐུས་མི་ལྷན་ཁང་གི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་འདུ་ཚོགས་ཡོད་ཅིང། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་གྲོང་ཁྱེར་དང་གྲོང་གསེབ་གཉིས་ལ་མི་མང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་ཇི་ལྟར་སྙོམས་དགོས་མིན་དང་། རྒྱ་ནག་གི་ལོ་ལྔའི་འཆར་གཞི་ཐེངས་༡༢་པ་གཏན་འབེབས་བྱས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་འཛུགས་སྐྲུན་ཡར་རྒྱས་མྱུར་དུ་གཏོང་བའི་སྲིད་ཇུས་ཁག་ཅིག་ཐག་གཅོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་ལོ་ལྔའི་འཆར་གཞི་ཐེངས་༡༡་པའི་ཁོངས་སུ་ལག་ལེན་བསྟར་མ་ཐུབ་པའི་སྲིད་ཇུས་ཁག་ལ་བསྐྱར་ཞིབ་བྱེད་རྒྱུ་བཅས་ཡིན་རུང་། ཉམས་ཞིབ་པ་ཚོས་འཐུས་མི་༣༠༠་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐུས་མི་ལྷན་ཁང་གི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང། རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པར་འདེམས་བསྐོ་བྱེད་རྒྱུ་ཡིན་མིན་དང་། རང་ལོ་༥༧་ལ་སོན་པའི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་དབུས་རྒྱ་ནག་གི་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པར་བསྐོ་བཞག་མ་བྱས་ཚེ། ཁོང་རྒྱ་ནག་དམར་ཤོག་གི་མི་རབས་བཞི་བའི་འགོ་ཁྲིད་ཧུ་ཅིན་ཐའོ་ཡི་རྗེས་འཛིན་པར་འགྱུར་ཐུབ་རྒྱུ་ཡིན་མིན་བཅས་ལ་དཔྱད་ཞིབ་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG