ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་བོད་རང་ཁོངས་ཡིན་ཚུལ་བརྗོད་པ་དེ་ནི་དངོས་བདེན་མ་རེད།


དབྱིན་ཇིའི་སྲིད་བློན་ཟུར་པ་ལྕམ་མརྒྷ་རཏྲ་ ཐེཏྲ་ཅར་རྒྱུན་རིང་སྙུན་མནར་གྱིས་མཐར་གུང་གྲངས་༨༧ཐོག་སྐུ་ཚེ་མ་ཟིན་པའི་སྐོར་ཁོང་གི་ནང་མི་བུ་ཕྲུག་རྣམས་ཀྱིས་རེས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་སྤེལ་ཡོད་ཅིང་ ཁོང་ནི་དབྱིན་ཡུལ་གྱི་སྲིད་བློན་བུད་མེད་ཐོག་མ་དེ་ཡིན་པ་མ་ཟད་ གནད་དོན་གང་འདྲ་ཅིག་གི་ཐོག་ལ་ཡིན་ནའང་རང་གི་རྩ་དོན་ནམ་ཡང་བློས་མི་གཏོང་མཁན་གྱི་དབུ་ཁྲིད་བློ་སྟོབས་ཅན་ཞིག་ལ་མི་ཚོས་ངོས་འཛིན་གྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད་ སྙན་གྲགས་ཆེ་བའི་ལྕམ་ཐེཏྲ་ཅར་དམ་པ་དེ་ཉིད་འཚོ་བཞུགས་སྐབས་དཔེ་དེབ་མང་པོ་ཞིག་འབྲི་རྩོམ་གནང་ཡོད་པ་དེ་གྲས་གཅིག་གི་ནང་ཁོང་གིས་བོད་ཀྱི་སྐོར་གླེང་སློང་གནང་སྟེ་ རྒྱ་ནག་གིས་བོད་ཀྱི་བདག་དབང་རང་ལ་ཡོད་ཚུལ་ཤོད་ཀྱི་ཡོད་ཀྱང་ རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བྱས་པ་ཡིན་ན་ དེ་ནི་དངོས་བདེན་མ་རེད་ཅེས་གསུངས་ཡོད་པ་བཅས་ཀྱི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG