ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཀྱི་ལྷན་ཚོགས་ནང་ཤི་ཅིན་པིང་ཚོགས་ཞུགས་བྱེད་འཆར།


རྒྱ་ནག་གི་རྗེས་མའི་སྲིད་འཛིན་ཆགས་གཏན་འཁེལ་བ་ཤི་ཅིན་པིང་གིས་ཉེ་ལམ་གཟའ་འཁོར་གཉིས་ཙམ་ཞིག་རིང་རྒྱལ་ས་པེ་ཅིང་དུ་ཆེད་མངགས་འབྱོར་པའི་ཕྱི་རྒྱལ་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་དང་ཐུག་འཕྲད་བྱས་མེད་པ་མ་ཟད་ མང་ཚོགས་ཀྱི་ཁྲོད་དུ་ཡང་མཐོང་རྒྱུ་མེད་པར་གྱུར་བའི་རྗེས་ཁོང་གཟའ་འཁོར་འདིའི་མཇུག་ཙམ་ལ་ཚོགས་འཆར་ཡོད་པའི་ལྷོ་ཤར་ཨེ་ཤི་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ལྷན་ཚོགས་སུ་ཚོགས་ཞུགས་བྱེད་འཆར་ཡོད་པ་བཅས་ཀྱི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG