ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལིའུ་ཞའོ་པོ་ལ་ཎོ་བེལ་ཞི་བདེའི་གཟེངས་རྟགས་འཐོབ་རྒྱུ་དང་རྒྱ་ནག་གི་འགོག་རྐྱེན།


ལིའུ་ཞའོ་པོ་ལ་ཎོ་བེལ་ཞི་བདེའི་གཟེངས་རྟགས་འཐོབ་རྒྱུ་དང་རྒྱ་ནག་གི་འགོག་རྐྱེན།
ལིའུ་ཞའོ་པོ་ལ་ཎོ་བེལ་ཞི་བདེའི་གཟེངས་རྟགས་འཐོབ་རྒྱུ་དང་རྒྱ་ནག་གི་འགོག་རྐྱེན།

ཕྱི་ལོ་༢༠༡༠་ལོའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་སྤྲོད་སའི་འོས་མིའི་ཁོངས་སུ་རྒྱ་ནག་གི་སྲིད་དོན་བཙོན་པ་ལིའུ་ཞའོ་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལིའུ་ཞའོ་པོ་ལ་ཎོ་བེལ་ཞི་བདེའི་གཟེངས་རྟགས་འཐོབ་རྒྱུ་འགོག་ཐབས་བྱེད་ཀྱི་ཡོད་པ་སྟེ། ཕྱི་ཟླ་༡༠་ཚེས་༧་ཉིན་ལིའུ་ཞའོ་པོ་ཡི་ཆུང་མ་ལིའུ་ཞ་ཡིས་གསར་འགོད་པར་བཤད་པ་ལྟར་ན། རྒྱ་ནག་དམར་ཤོག་གཞུང་གིས་གནས་ལུགས་དང་རྒྱུ་མཚན་ལ་ནམ་ཡང་བལྟས་མྱོང་མེད་པ་དང་། ཁོང་ཚོས་དངུལ་སྒོར་འགྲོ་གྲོན་གཏོང་དགོས་པའམ། ཡང་ན་ཕྱི་འབྲེལ་གྱི་གནོན་ཤུགས་སྤྲོད་པ་སོགས་ལས་ཐབས་ཡོད་ཚད་ལག་ལེན་བསྟར་ཏེ། རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་འཐོབ་རྒྱུ་དང་། གུང་ཁྲན་ཏང་གི་མཚན་མཐོང་ལ་གནོད་པའི་ལས་དོན་དེ་ཚོ་འགོག་ཐབས་བྱེད་རྒྱུ་ཉག་ཅིག་ཡིན། རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློའི་ནང་དུ་དངུལ་སྒོར་དང་གནོན་ཤུགས་གཉིས་ཀས་བསྒྲུབ་མི་ཐུབ་པའི་ལས་དོན་གཅིག་ཀྱང་མེད་བསམས་ཡོད་ཅེས་བཤད་མོད། འོན་ཀྱང་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་དང་འཁྲབ་གཞུང་རྩོམ་པ་པོ་སྐད་གྲགས་ཅན་ཧ་བེལ་གཙོ་བོར་གྱུར་པའི་རྩོམ་པ་པོ་དང་རང་དབང་འཐབ་རྩོད་པ་འགའ་ཞིག་གིས་ལོ་འདིའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་ལིའུ་ཞའོ་པོ་ལ་འཐོབ་ཐུབ་པའི་ཤུགས་སྣོན་རྒྱག་གི་ཡོད་པ་རེད།།

XS
SM
MD
LG