ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་གར་གྱི་ཁས་ལེན་ལ་རྒྱ་ནག་གིས་དགའ་བསུ།


རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བྷར་ཟིལ་དང་ར་ཤི་ཡ། རྒྱ་དཀར་ནག་གཉིས་དང་ལྷོ་ཨ་ཧྥི་རི་ཀ་བཅས་ཀྱི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ཚོགས་འདུ་ཚོགས་པ་དང་། ད་ལོའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སེང་གཉིས་ཟུར་དུ་ཐུག་འཕྲད་བྱས་ཏེ། སྲིད་བློན་མན་མོ་ཧན་སེང་གིས་རྒྱ་གར་གར་གྱིས་རང་གི་ས་ཐོག་ཏུ་ཡོད་པའི་བོད་པ་བཙོན་བྱོལ་བ་ཚོར་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་དུ་འཇུག་རྒྱུ་མིན་པ་དང་། རྒྱ་ནག་བཀག་སྐྱིལ་བྱེད་པའི་ཐབས་ཇུས་གང་ཞིག་ལའང་རྒྱ་གར་མཉམ་ཞུགས་བྱ་འཆར་མེད་ཅེས་ཁས་ལེན་བྱས་པ་དེར་རྒྱ་ནག་གཞང་གིས་རྗེས་སུ་ཡི་རང་ཞུས་ཡོད་པ་རེད།

XS
SM
MD
LG