ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྲོས་ཚོགས་གོང་འོག་གཉིས་ཀས་མང་མོས་རྒྱབ་སྐྱོར་ཐོབ་ཟིན་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་ལ་དངོས་སུ་མཚན་རྟགས་བཀོད་པར་རྒྱ་ནག་གཞུང་གིས་འཕྲལ་དུ་ཁོང་ཁྲོ་ཆེན་པོས་དགག་པ་བརྒྱབ་སྟེ། ཨ་རིའི་གཞུང་གིས་ཁྲིམས་གཞི་དེ་ལག་ལེན་བསྟར་ན་རྒྱ་ནག་གིས་དེ་ལ་ཡ་ལན་ནན་པོ་སློག་རྒྱུ་དང་། རྒྱ་ནག་དང་ཨ་མི་རི་ཀ་ཕྱོགས་མང་པོ་ཞིག་ཏུ་མཉམ་འབྲེལ་བྱེད་ཀྱི་ཡོད་པར་གྱོང་འགུད་ཆེན་པོ་འཕོག་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཡོད་ཅིང་། གཟའ་ཕུར་བུ་སྟེ། ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་མོར་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་འབོད་འགུགས་ཀྱིས་ཨ་རིའི་ཁྲིམས་ཡིག་དེར་གཞུང་འབྲེལ་གྱི་ངོ་རྒོལ་བྱས་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།