ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གིས་རྒྱལ་ཁབ་ལྔའི་ཚོགས་འདུར་མོ་དྷི་ཕེབས་ཐུབ་རྒྱུའི་འབད་བརྩོན།


༄༅།། རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཟའ་འཁོར་སྔོན་མར་གློ་བུར་དུ་རྒྱ་གར་ལ་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་དང་ལོ་འདིར་པེ་ཅིང་ལ་རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ། བྷར་ཛིལ་དང་ལྷོ་ཨ་ཧྥི་རི་ཀ་བཅས་རྒྱལ་ཁབ་ལྔའི་འགོ་ཁྲིད་ཚོ་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེར་སྲིད་བློན་མོ་དྷི་ཕེབས་ཐུབ་རྒྱུའི་འབད་བརྩོནས་བྱས་ཀྱང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤཱན་ཀཱར་ལྷོ་ཨེ་ཤི་ཡའི་ཤེ་ཡའི་རྒྱལ་ཁབ་མཱལ་དྷིབ་དང་སིངྒ་ལ་གཉིས་ལ་འཚམས་འདྲིར་ཕེབས་ཏེ་རྒྱ་གར་གྱིས་སིངྒ་ལར་རླུང་ཤུགས་དང་ཉི་འོད་གློག་ཁང་གསར་པ་གསུམ་འཛུགས་སྐྲུན་བྱས་ནས་རྒྱ་ནག་གི་ཤུགས་རྐྱེན་གཅོག་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་ཆོས་སྒྲོན་གྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG