ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་ཨ་མི་རི་ཀར་མ་རྩ་འཛུགས་འཇོག


༡༩༧༢་ལོར་ཨ་རིའི་སྲིད་འཛིན་ནིཀ་སེན་གྱིས་རྒྱ་ནག་ལ་འབྲེལ་བ་ཐོག་མ་བཙུགས་པ་དང་། སྐབས་དེར་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ཁག་གི་གྲས་སུ་ཡོད་ཅིང་། འདས་པའི་ལོ་༣༠་ལྷག་ལ་རྒྱ་ནག་གིས་ཕྱི་ལ་སྒོ་མོ་ཕྱེ་ནས་དཔལ་འབྱོར་ལམ་ལུགས་ལ་སྒྱུར་བཅོས་བཏང་སྟེ། ད་ལྟ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་དེར་གྱུར་ཡོད་པ་དང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་འབྱོར་ལྡན་པ་དང་བཟོ་ཚོང་ལས་ཁང་གིས་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཨ་མི་རི་ཀའི་ས་ཐོག་ཏུ་ས་ཁང་ཉོ་ཚོང་གི་ཚོང་ལས་གཉེར་རྒྱུ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ༢༠༡༥་ལོར་རྒྱ་ནག་གི་འབྱོར་ལྡན་པ་དང་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀར་ཨ་སྒོར་དུང་ཕྱུར་༡༥༠་ཐམ་པ་མ་རྩ་བཙུགས་པ་དང་། ༢༠༡༦་འདིར་ཡང་རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཨ་མི་རི་ཀར་མ་རྩ་འཛུགས་རྒྱུ་སྔ་ལོ་ལས་ལྡབ་གཅིག་མང་དུ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG