༄༅།། གཟའ་ཕུར་བུའི་ཉིན་རྒྱ་ནག་གིས་ཨ་རིའི་མཚོ་དམག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་ལ་བསྐྱོད་པར་ངོ་རྒོལ་ཐེངས་གཉིས་པ་བྱས་ཡོད་ཅིང་། ཨ་རིའི་མཚོ་དམག་གི་དཔུང་སྡེ་བདུན་པས་སྔར་དང་མི་འདྲ་བར་རྒྱ་ནག་ལ་ལན་འདེབས་ཚ་ནན་བྱས་པར་མ་ཟད། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མཚོ་ཁོངས་བདག་དབང་ལ་བརྩི་མེད་རྡོག་རོལ་བཏང་སྟེ་གཞན་གྱི་མཚོ་ཁོངས་སུ་རྒྱ་ནག་ཧམ་འཛུལ་བྱེད་ཀྱི་འདུག་ཅེས་ཉེས་འཛུགས་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།