ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བལ་ཡུལ་གྱི་སྐོར་སྲུང་དམག་མི་ཚོ་རྒྱ་ནག་གི་ནང་སྦྱོང་བརྡར་ཀྱི་ཆེད་ཁྲིད་པ།


Nepalese police officers try to detain a Tibetan nun during a demonstration outside Chinese Embassy in Katmandu, Nepal, Wednesday, April 16, 2008.
Nepalese police officers try to detain a Tibetan nun during a demonstration outside Chinese Embassy in Katmandu, Nepal, Wednesday, April 16, 2008.

བལ་ཡུལ་གྱི་ས་ཁུལ་ཁག་ཅིག་གི་སྐོར་སྲུང་དམག་མི་དང་དྲག་ཆས་ཉེན་རྟོག་པའི་དབུ་ཁྲིད་ཚོ་གཟའ་འཁོར་གཉིས་རིང་གི་དམིགས་བསལ་གྱི་སྦྱོང་བརྡར་ཆེད་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་སླེབས་ཡོད་པའི་སྐོར་བལ་པོའི་ནང་སྲིད་ལྷན་ཁང་ནས་འགྲེལ་བརྗོད་གནང་དོན་བཞིན་གསར་འགྱུར་ཁག་ནས་ལུང་འདྲེན་གྱིས་གནས་ཚུལ་སྤེལ་ཡོད་པ་རེད།གསར་འགྱུར་ཁག་གིས་གནས་ཚུལ་ཐོན་ཁུངས་ནས་ལུང་འདྲེན་གྱིས་བལ་པོའི་སྐོར་སྲུང་དམག་མི་དང་དྲག་ཆས་ཉེན་རྟོག་དམག་མིའི་འགོ་འཁྲིད་ཚོ་པེ་ཅིང་དུ་ཁྲིད་ནས་དམིགས་བསལ་གྱི་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་དེ་ནི་བལ་ཡུལ་གྱི་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཁག་གི་ཐོག་རྒྱ་ནག་གཞུང་བློ་འཚབ་ཆེན་པོ་ཡོད་པ་དང་ལྷག་པར་དུ་བལ་ཡུལ་ནང་དུ་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ཡོད་པས་ཁོང་ཚོའི་ངོ་རྒོལ་གྱི་ལས་འགུལ་ཁག་གི་ཐད་ལ་རྒྱ་ནག་གཞུང་ལ་བློ་འཚབ་ཆེན་པོ་ཡོད་པ་དེ་མཚོན་པ་རེད་ཅེས་བཀོད་ཡོད་པ་རེད།

XS
SM
MD
LG