ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ལོ་ལྟར་བོད་རང་སྐྱོང་ལྗོངས་ལ་ཨ་སྒོར་ས་ཡ་མང་པོ་འགྲོ་གྲོན་བཏང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་འཛུགས་སྐྲུན། མི་མང་གི་འཚོ་བ་དང་སློབ་གསོ་བཅས་པ་ཡར་རྒྱས་ཆེན་པོ་བཏང་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཅིང་། བཙན་བྱོལ་བོད་གཞུང་དང་བོད་པ་བཙན་བྱོལ་བ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་པ་ཚོས་རྒྱ་ནག་གཞུང་གིས་དཔལ་འབྱོར་འཛུགས་སྐྲུན་གྱི་ཐབས་ལམ་བརྒྱུད་ནས་བོད་ཀྱི་ཆོས་དང་རིག་གཞུང་། བོད་པ་ཚོ་རང་ཡུལ་དུ་གྲངས་ཉུང་མི་རིགས་ལ་བསྒྱུར་ནས་རྩ་མེད་གཏོང་གི་ཡོད་ཅེས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་རུང་། ཕྱི་ཟླ་༥་ཚེས་༡༩་ཉིན་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་པདྨ་འཕྲིན་ལས་ཀྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་༦༠་འཁོར་པའི་རིང་དེར་གནམ་ས་བླ་འོག་བརྗེ་པ་ལྟ་བུའི་ཡར་རྒྱས་སོང་ཡོད་པ་དང་། བོད་ཀྱི་ལོ་ངོ་སྟོང་ཕྲག་གི་འགྱུར་ལྡོག་དེ་ཉིད་ལོ་ངོ་བཅུ་ཕྲག་འགའ་ཞིག་གི་ནང་ལ་མངོན་དུ་གྱུར་ཡོད། ང་ཚོའི་དམིགས་ཡུལ་དང་ལས་འགན་གཙོ་བོ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་བདེ་སྡུག་ལ་ལྟ་རྟོག་བྱེད་དགོས་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG