ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་དུས་དྲན།


རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་དུས་དྲན།
རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་དུས་དྲན།

ཕྱི་ལོ་༢༠༡༡་གི་ཟླ་བ་༦་པའི་ཚེས་༤་དེ་ནི་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་ལོ་༢༢་འཁོར་པའི་དུས་དྲན་ཡིན་ཞིང་། ༡༩༨༩་ལོར་རྒྱ་ནག་གི་པེ་ཅིང་སློབ་གྲྭ་ཆེན་མོ་དང་ཆིང་ཧྭ་སློབ་གྲྭ་ཆེན་མོ་སོགས་སློབ་ཆེན་ཁག་གི་སློབ་མ་སྟོང་ཕྲག་མང་པོ་གནམ་བདེ་སྒོ་མོ་ཆེའི་ཐང་ལ་འདུ་འཛོམས་བྱས་པ་དང་། ཁོང་ཚོས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་དང་ཆབ་སྲིད་སྒྱུར་བཅོས། རྒྱ་ནག་གི་ལ་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ཤིག་དར་སྤེལ་གཏོང་དགོས་ཞེས་ཟས་བཅད་ངོ་རྒོལ་བྱས་ཏེ། ཏིང་ཞའོ་ཕིང་གིས་མི་དམངས་བཅིངས་འགྲོལ་དམག་ལ་བཀའ་བཏང་ནས་སློབ་ཕྲུག་ཚོར་དྲག་གནོན་བྱེད་དུ་བཅུག་པ་དང་། རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་དེ་ཆབ་སྲིད་ཀྱི་ཟིང་འཁྲུག་ཅིག་ཡིན། གནམ་བདེ་སྒོ་མོ་ཆེའི་ཐང་གི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོས་རྒྱལ་ཁབ་ཀྱི་སྲིད་དབང་ལ་ངོ་ལོག་བྱས་པ་རེད་ཅེས་སྡོམ་ཚིག་བརྒྱབ་པ་དང་། ད་ལྟ་ལོ་ངོ་༢༢་ཀྱི་རྗེས་སུའང་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་རྒྱལ་གཅེས་རིང་ལུགས་ཀྱི་ལས་འགུལ་ཞིག་ཡིན་ཞེས་དཀར་འདོན་དང་། སྐབས་དེར་གནམ་བདེ་སྒོ་མོ་ཆེའི་ཐང་ལ་ཚོགས་པའི་སློབ་ཕྲུག་ཅི་ཙམ་དམར་གསོད་བྱས་ཡོད་མེད། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཅི་ཙམ་འཛིན་བཟུང་བྱས་ཡོད་མེད་དང་། འདས་པའི་ལོ་ངོ་དེ་དག་གི་རིང་ལ་སློབ་ཕྲུག་ཅི་ཙམ་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་མེད་བཅས་ཀྱི་གྲངས་ཀ་གསལ་བོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG