ཟླ་བ་འདིའི་ཚེས་བཅུ་བདུན་རྒྱང་མེད་གྲོས་ཚོགས་ཀྱིས་ཨ་མི་རི་ཀས་དངུལ་བུན་ལེན་རྒྱུའི་ཁྱོན་འབོར་སྤར་ཆ་བྱ་རྒྱུར་ཆོག་མཆན་མ་སྤྲད་པ་ཡིན་ན། ཨ་མི་རི་ཀའི་གཞུང་ལ་འགྲོ་སོང་གཏོང་རྒྱུའི་དངུལ་ལྡེང་ངེས་མེད་པ་ཆགས་རྒྱུ་ཡིན་པས། དེ་འདྲ་བྱུང་ཚེ་ཨ་མི་རི་ཀ་དང་རྒྱལ་སྤྱིའི་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་ཙམ་དུ་མ་ཟད། ཨ་མི་རི་ཀའི་བུན་བདག་རྒྱ་ནག་ལའང་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་པར་སོང་། གཟའ་ཟླ་བའི་ཉིན་ རྒྱ་ནག་གཞུང་གིས་ཨ་མི་རི་ཀ་ལ་དཀའ་ངལ་འདི་སྔོན་འགོག་བྱེད་དགོས་ལུགས་བརྗོད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།