ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་བོད་པའི་སྒེར་གཉེར་ཚོགས་པ་ཁག་སྒོ་རྒྱག་འཆར།


རྒྱ་ནག་གི་དབང་སྒྱུར་འོག་ཏུ་བོད་ནང་ལོགས་ཀྱི་གཞིས་ལུས་མི་མང་གིས་རང་ལུས་མེར་སྲེག་དང་ཞི་བའི་ཁྲོམ་སྐོར། ཁོང་ཚོས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་རྩ་བརླག་འགྲོ་བཞིན་པ་སྲུང་སྐྱོབ་ཐུབ་ཐབས་སུ་སྒེར་གྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བཙུགས་ནས་ལས་དོན་སྒྲུབ་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་མི་དམངས་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་རྒྱུ་མཚམས་འཇོག་གི་མེད་པ་དང་། དཔེར་ན་ཕྱི་ཟླ་༥་ཚེས་༣་ཉིན་རྒྱ་གར་དྷ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། ཕྱི་ཟླ་༤་ཚེས་༢༦་ཉིན་རྒྱ་ནག་གཞུང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བོད་པ་ཚོས་སྒེར་ངོས་ནས་གཉེར་བཞིན་པའི་རྒན་གསོ་ཁང་དང་རིག་གཞུང་སྲུང་སྐྱོབ་ཚོགས་པ། ཁོར་ཡུག་སྲུང་སྐོབ་དང་སློབ་གྲྭ སྐད་ཡིག་སློབ་ཁྲིད་འཛིན་གྲྭ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཕྱི་ཟླ་༥་ཚེས་༣༡་མི་འགྱངས་པར་ཁུལ་རིམ་པའི་དམངས་སྲིད་ལས་ཁུངས་ལ་ཐོ་འགོད་བྱ་དགོས་པ་དང་། སྲིད་གཞུང་གི་སྒྲིག་གཞི་ལྟར་གྱི་ཆ་རྐྱེན་མི་ཚང་བའི་ཚོགས་པ་ཁག་སྒོ་བརྒྱབ་རྒྱུ་ཡིན་ཞེས་བརྡ་ཐོ་བཀྲམ་ཡོད་པ་རེད།

XS
SM
MD
LG