ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་རྒྱ་སྐྱེད།


རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་རྒྱ་སྐྱེད།
རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་རྒྱ་སྐྱེད།

ཕྱི་ལོ་༢༠༠༨་ལོར་ཐེ་ཝན་གྱི་སྲིད་འཛིན་མ་དབྱིན་ཇུག་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་བཟུང་། ཁོང་གིས་རྒྱ་ནག་སྐམ་ས་ཆེན་མོར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་དང་། འདས་པའི་ལོ་ངོ་གཉིས་ཀྱི་རིང་དེར་རྒྱ་ནག་དང་ཐེ་ཝན་གཉིས་མཁའ་ལམ་འགྲིལ་འགྲུལ་དང་སྐྱེལ་འདྲེན། ཡིག་ཟམ་གསུམ་ཐད་ཀར་སྒོ་འབྱེད་བྱེད་དགོས་པའི་གྲོས་མཐུན་བྱུང་བ་དང་། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཚད་བཀག་མེད་པར་ཐེ་ཝན་ལ་ལྟ་སྐོར་དུ་ཡོང་ཆོག་རྒྱུ། ད་དུང་རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་ལའང་མིང་རྟགས་བཀོད་དེ། ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་ཕྱོགས་གང་ཐད་དུ་ཡར་རྒྱས་འགྲོ་གི་ཡོད་པ་དང་། རྒྱ་ནག་གི་གྲོས་མོལ་འགོ་ཁྲིད་ཁྲེན་ཡུན་ལིན་གྱིས་སྔོན་ཆད་ཐེ་ཝན་མཚོ་འགག་དེ་རླུང་འཚབ་ཆེ་ཞིང་རྦ་རླབས་འཕྱུར་ས་ཁུལ་ཞིག་ཡིན་རུང་། ད་ལྟ་ས་ཁུལ་དེ་མཚོ་ཕྱོགས་གཉིས་ཀྱི་མི་མང་གི་འབྲེལ་བ་ཡར་རྒྱས་གཏོང་བའི་བརྒྱུད་ལམ་ཞིག་ཏུ་གྱུར་ཡོད་པ་དང་། མཚོ་འགག་ཕྱོགས་གཉིས་ཀས་ཚོང་ལས་དང་དཔལ་འབྱོར་གྱི་གྲོས་མཐུན་བཞག་ནས་གྲུབ་འབྲས་ཐོན་ཡོད་པ་དེ་ལ་ང་ཚོས་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན་ཞེས་བཤད་ཡོད་པ་རེད།

XS
SM
MD
LG