ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོགས་ཆེན་ལ་མཐོ་རིམ་འགོའཁྲིད་མ་བཏང་བ།


རྒྱ་ནག་གཞུང་གིས་ཉི་ཧོང་ནང་དུ་འཚོག་རྒྱུའི་རྒྱལ་སྤྱིའི་དངུལ་རྩའི་ཐེབས་རྩ་དང་འཛམ་གླིང་དངུལ་ཁང་གི་ལོ་འཁོར་ཚོགས་ཆེན་ལ་མཐོ་རིམ་དཔོན་རིགས་གཉིས་ཀྱི་ཚབ་ཏུ་དཔོན་རིགས་གཞོན་པ་གཉིས་གཏང་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་པ་རེད་ དེ་ནི་མཚོ་གླིང་གི་བདག་དབང་ཐད་ཀྱི་རྩོད་གཞིས་རྐྱེན་པས་རྒྱ་ནག་གཞུང་གིས་ཚོགས་ཆེན་གྱི་མགྲོན་བདག་ཉི་ཧོང་ལ་རྣམ་འགྱུར་གྲང་ཤུར་ཅན་བསྟན་པ་ཞིག་ཡིན་པ་སོགས་ཀྱི་སྐོར་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG