ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་གི་བོད་ཀྱི་ལས་དོན་ཚོགས་འདུར་ལན་འདེབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་ནག་གིས་བོད་ཀྱི་ལས་དོན་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གི་འབོད་སྒྲ་དེ་དག་ཐམས་ཅད་རྒྱ་ནག་གཞུང་གིས་ད་བར་བོད་ཐོག་འཛིན་པའི་སྲིད་ཇུས་སྔར་ལྷག་ཤུགས་ཆེ་རུ་བཏང་ཐབས་ཤིག་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཀརྨ་ཆོས་དབྱིངས་ལགས་ཀྱིས་གསུངས་སོང་།

སྤྱི་ཟླ་༨་པའི་ཚེས་༢༨ དང་༢༩་བཅས་ཉིན་གཉིས་རིང་། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་ནག་གི་སྲིད་འཛིན་ཤི་ཅིང་ཕིང་དང་། སྲིད་བློན་ལི་ཁཱ་ཆིང་གིས་གཙོས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་དཔོན་གྲས་ཁག་ཅིག་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་གཙོས་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་དཔོན་རིགས་བཅས་པ་ཚང་འཛོམས་སར། རྒྱ་ནག་གིས་བོད་ཀྱི་ལས་དོན་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དེ་སྐོང་ཚོགས་གནང་ཡོད་པ་ལྟར། ཚོགས་འདུ་དེའི་ཐོག་ཞི་ཅིན་ཕིང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་སྲིད། སྤྱི་ཚོགས་ཤེས་ཡོན་བཅས་པ་ཆ་ཚང་རྒྱ་ནག་དམར་ཤོག་ཚོགས་པའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་གི་ངོ་བོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ངོས་ནས་དེ་དག་ཐམས་ཅད་རྒྱ་ནག་གཞུང་གིས་ད་བར་བོད་ཐོག་འཛིན་པའི་སྲིད་ཇུས་སྔར་ལྷག་ཤུགས་ཆེ་རུ་བཏང་ཐབས་ཤིག་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཀརྨ་ཆོས་དབྱིངས་ལགས་ཀྱིས་གསུངས་སོང་།
XS
SM
MD
LG