ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན།


རྒྱ་ནག་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན།

རྒྱ་ནག་གཞུང་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོ་བཙོན་འཇུག་དང་བཀག་ཉར། དེ་བཞིན་གཞུང་གི་ཉེན་རྟོག་པས་དྲག་གནོན་བྱས་ཏེ་མི་མང་ལ་ཞི་བའི་སྒོ་ནས་རང་གི་སྲིད་དོན་གྱི་ལྟ་བ་སྨྲ་བརྗོད་བྱེད་དུ་འཇུག་གི་མེད་པར་བརྟེན་ཨ་མི་རི་ཀའི་གཞུང་གིས་ངེས་པར་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པ་དེར་དོ་སྣང་བྱས་ཏེ། སྲིད་འཛིན་ཨོ་བྷ་མའི་གཞུང་གིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་ཐད་གྲོས་མོལ་ནན་པོ་བྱེད་དགོས་ཞེས་ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་དང་ཁྲིམས་ལུགས་མཁས་པ་ཚོས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG