ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། དེང་སྐབས་རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྩོད་གཞི་ཆེན་པོ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཡོད་པའི་གླིང་ཕྲན་འགའ་ཞིག་གི་བདག་དབང་ཡིན་པ་དང་། ཨ་མི་རི་ཀས་རྒྱ་ནག་ལ་རྩོད་གཞི་དེ་དག་རྒྱལ་ཁབ་བྱེ་བྲག་པ་རེ་རེར་གྲོས་མོལ་བྱས་ནས་ཐག་གཅོད་བྱ་མི་དགོས་པར་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ལ་གྲོས་མོལ་བྱས་ཏེ། རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྩོད་གཞི་དེ་ཉིད་ཐག་གཅོད་བྱེད་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་མོད། ཡིན་ནའང་རྒྱ་ནག་གཞུང་གིས་རང་གི་ལངས་ཕྱོགས་བསྐྱར་ཟློས་བྱས་པ་ཙམ་ལས་ཨ་མི་རི་ཀའི་གནོན་ཤུགས་ལ་ཉན་འཇོག་བྱེད་རྒྱུའི་རྟགས་མཚན་མེད་ཅིང་། དཔེར་ན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨིན་དུ་ཎེ་ཞི་ཡའི་གྲོས་ཚོགས་ལ་གཏམ་བཤད་བྱས་པའི་སྐབས་སུ་ཨ་མི་རི་ཀའི་གནོན་ཤུགས་དང་། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་དགོས་འདུན་སོགས་ལ་དམིགས་བསལ་གྱིས་གླེང་སློང་གང་ཡང་བྱས་མེད་པ་རེད།།
XS
SM
MD
LG