ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རེབ་གོང་གི་སློབ་གྲྭ་བ་ཞིག་ལ་ཁྲིམས་ཐག་བཅད་འདུག


བོད་མདོ་སྨད་རེབ་གོང་མདོ་བ་ས་ཆའི་དམའ་འབྲིང་གི་སློབ་གྲྭ་བ་རྡོ་རྗེ་ལགས་སུ། རང་ལུས་མེར་བསྲེགས་གཏོང་མཁན་དང་འབྲེལ་བ་ཡོད་པ་དང་། བོད་རང་བཙན་གྱི་སྐད་འབོད་བྱེད་པ། ༼གངས་སྲོལ་རྒྱུན་འཛིན་ཚོགས་པ་༽གསར་འཛུགས་བྱས་ཚུལ་སོགས་སྐྱོན་འཛུགས་བྱས་ཏེ་ལོ་གཉིས་དང་ཕྱེད་ཀ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག་ལ། ད་ལྟ་ཁོ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག དེ་བཞིན་སྤྱི་ལོ་༢༠༡༢ལོར་མདོ་བ་ཞང་ཐོག་ཏུ་རང་ལུས་མེར་བསྲེགས་བཏང་བའི་ལས་འགུལ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་སྐབས་དེར་རེབ་གོང་མདོ་བའི་བོད་མི་གང་བྱུང་དུ་འཛིན་བཟུང་བྱས་པའི་ཁྲོད་ནས། བོད་མི་གཉིས་ཟླ་བ་དགུའི་རིང་་བཀག་ཉར་བྱས་རྗེས་གློད་འཀྲོལ་བཏང་ཡོད་པའི་གནས་ཚུལ་ཞིག་ཀྱང་ཐོན་ཡོད་པ་བཅས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG