ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༡/༡༦

ལོ་བརྒྱ་དང་གདུགས་དཀར་ཚེ་རིང་གཉིས་ལ་བཙོན་འཇུག་བྱ་རྒྱུ་ཁྲིམས་ཐག་བཅད་འདུག


ལོ་བརྒྱ་
ལོ་བརྒྱ་
ད་ལོའི་རྒྱ་ནག་གི་ལོ་གསར་སྐབས་སུ་རྒྱ་ནག་གིས་ད་ལྟ་ཆ་བགོས་བྱས་ཡོད་སའི་སི་ཁྲོན་ཞིང་ཆེན་མངའ་ཁོངས་ཀྱི་བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་ཡོད་ལ། སྐབས་དེར་བོད་མི་དམར་གསོད་བཏང་བ་དང་རྨས་སྐྱོན་བཏང་བ་མང་པོ་བྱུང་ཡོད། དེ་རིང་གནས་ཚུལ་ཐོན་པ་ལྟར་ན་རྒྱ་ནག་གི་ལོ་གསར་སྐབས་སུ་རྔ་བ་རྨེའུ་རུ་མ་ཕྱོགས་ཀྱི་བོད་མི་སྐད་འབོད་བྱེད་མཁན་ལོ་རྒྱ་ལགས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུ་ལས་བྲོས་བྱོལ་དུ་ཕྱིན་ཡང་། ལོ་བརྒྱ་ལགས་བྲོས་བྱོལ་གྱི་གནས་ཚང་གཡར་སའི་རྨ་ཆུ་ནས་ཡིན་པའི་གདུགས་དཀར་ཚེ་རིང་དང་ཁོང་གཉིས་ཀ་འཛིན་བཟུང་བྱས་ཏེ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག་པའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG