ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཁུན་མིང་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཞིན་ཅང་གི་སྐྱེས་པ་གསུམ་དང་བུད་མེད་ཅིག་བཅས་མི་༤་ལ་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་དང་། ཁོ་ཚོས་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་པ་རེད་ཅེས་ནག་ཉེས་བཙུགས་ནས་སྐྱེས་པ་དེ་དག་ལ་སྲོག་ཁྲིམས་དང་བུད་མེད་དེར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག དེ་ཡང་ཕྱི་ཟླ་༩་ཚེས་༡༢་ཉིན་རྒྱ་ནག་གི་ཁྲིམས་ཁང་དེས་སྲོག་ཁྲིམས་བཅད་པའི་ཡུ་གུར་པའི་སྐྱེས་པ་དེ་དག་ཨི་ཤི་ཁན་དྷར་ཨེ་ཧེཏ་དང་ཐུར་གུན་དྷོ་ཐུན་ཡ་ཟི། ཧ་ས་དབྱིན་མོ་ཧ་མེཏ་གསུམ་ཡིན་པ་མ་ཟད། བུད་མེད་དེའི་མིང་ལ་པཱ་དི་གུལ་ཏྷོ་ཏི་ཟེར་གྱི་ཡོད་པ་དང་། ཁོ་ཚོར་སྲོག་ཁྲིམས་དང་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས་པའི་སྐབས་སུ་ཡུ་གུར་པ་དེ་དག་གི་ངོ་མདོག་འགྱུར་བའམ། ཡང་ན་དཔའ་ཞུམ་ནས་གཉའ་ཆག་པ་སོགས་ཀྱི་རྣམ་འགྱུར་གང་ཡང་ཐོན་མེད་པ་རེད།

XS
SM
MD
LG