ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བར་དཀའ་རྙོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེ་ཝན་གྱི་སྲིད་འཛིན་གསར་པའི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱི་རྟེན་འབྲེལ་མཛད་སྒོ་ཚུགས་རྒྱུར་ཉིན་ཤས་ལས་མེད་པའི་སྐབས་འདིར་ རྒྱ་ནག་གི་གཞུང་འབྲེལ་མི་སྣས་གཏམ་བཤད་སྤེལ་ཏེ་ ཐེ་ཝན་གྱི་སྲིད་གཞུང་གསར་པས་ལས་འཁུར་བླངས་པའི་རྗེས་ གལ་ཏེ་རྒྱ་ནག་དང་དཀའ་རྙོག་བྱུང་བ་ཡིན་ན་ དེའི་འགན་གཞུང་གསར་པ་དེར་ཡོད་རེད་ཅེས་བརྗོད་ཡོད་པས་ དེ་ནི་ ཐེ་ཝན་རང་བཙན་བྱ་རྒྱུའི་འདོད་ཚུལ་འཛིན་མཁན་དམངས་གཙོ་ཡར་ཐོན་ཚོགས་ཁོངས་ཡིན་པའི་སྲིད་འཛིན་གསར་པ་ལ་ གནོན་ཤུགས་སྤྲོད་རྒྱུར་དམིགས་པ་ཞིག་ཡིན་པ་རེད།

XS
SM
MD
LG