ངོ་འཕྲད་བདེ་བའི་དྲ་འབྲེལ།

ཤིང་ཅང་ནང་དྲག་ཟིང་སློང་མཁན་དེ་དག་གསང་བའི་ཐོག་ནས་ཚོགས་འཛོམས་བྱས་པ།


རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པ་ཤིང་ཅང་གི་ནང་གཟའ་འཁོར་སྔོན་མ་ དྲག་ཟིང་གི་དོན་རྐྱེན་གནས་ཚུལ་ཆེན་པོ་ཞིག་བྱུང་ཡོད་པ་དེ་ངན་བཤོམས་བྱེད་མཁན་ཚོས་ གསང་བའི་ཐོག་ནས་ཚོགས་འཛོམས་བྱས་ཏེ་ཁ་ཆེའི་གསུང་རབ་ཀོ་རན་ལ་སློབ་སྦྱོང་བྱས་ཡོད་པ་དང་ ཁོང་ཚོའི་ས་ནས་ཐལ་ཆ་ཆེ་བའི་ཆོས་ཕྱོགས་ཀྱི་ཡིག་རིགས་དེ་འདྲ་མང་པོ་ཐོན་ཡོད་ལུགས རྒྱ་ནག་གི་གཞུང་འཛིན་མི་སྣ་ཚོས་ གཟའ་མིག་དམར་ཉིན་གསལ་བསྒྲགས་བྱས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཆུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG