ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་འཇིའུ་མི་རིགས་ལ་དམ་དྲག་ཇེ་ཆེར་གཏོང་བ།


༄༅།། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཆོས་ལུགས་ཚང་མ་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཕྱིའི་རྒྱལ་ཁབ་ཁག་གི་ཤུགས་རྐྱེན་འགོག་ཐབས་དང་རྒྱལ་ནང་གི་ཆོས་ལུགས་བྱེད་སྒོ་ཁག་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པར་མ་ཟད། ཡེ་ཤུའི་ལྷ་ཁང་ཁག་གི་རྒྱོངས་ཤིང་དང་ལྷ་སྐུ་སོགས་གཏོར་བཤིག་བཏང་བ། ཞིན་ཅང་གི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲང་བ་ས་ཡ་གཅིག་ཙམ་བཀག་ཉར། དེ་བཞིན་དེང་སྐབས་རྒྱ་ནག་ཏུ་འཇིའུ་མི་རིགས་ཉུང་ཤས་ཤིག་ཡོད་པ་དེ་དག་ཀྱང་རྒྱ་ནག་དམར་ཤོག་གཞུང་གིས་དྲག་གནོན་དང་རྡུང་རྡེག་བྱ་ཡུལ་ཞིག་ཏུ་གྱུར་ཏེ་མི་རིགས་ཀྱི་ལོ་རྒྱུས་དང་ཆོས་ལུགས། མི་རིགས་ཀྱི་འདུ་ཤེས་སོགས་ཡོད་ཚད་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་བཞིན་ཡོད་པའི་གནས་ཚུལ་ཁག་ཅིག་ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG