ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འཛམ་གླིང་རྒྱལ་ཁབ་ཁག་ཏུ་རྒྱ་ནག་ལ་ལྟ་སྟངས་ངན་པ་ཡོད་པ་གསལ་སྟོན།


༄༅། ཨ་རིའི་ཕིའུ་ཞེས་པའི་ཉམས་ཞིབ་ཁང་སྐད་གྲགས་ཅན་དེས་གཟའ་འཁོར་འདིར་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་༡༤་ནང་དུ་རྒྱ་ནག་ལ་ལྟ་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་ཅིང་། དེའི་རྒྱུ་མཚན་གཙོ་བོ་ཞིག་ནི་རྒྱ་ནག་གིས་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རུ་བཅུག་པ་དེར་འབྲེལ་བ་ཡོད་པར་མ་ཟད། རྒྱ་ནག་གིས་ནད་ཡམས་སྔོན་འགོག་འཐུས་སྒོ་ཚང་བ་ཞིག་བྱས་མེད་པ་བཅས་ལ་འབྲེལ་བ་འདུག་ཅེས་བཀོད་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG