ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་མཁན་ཡུལ་སྐོར་བ་ཞིག་ལ་ཁྲིམས་གཅོད།


༄༅།། ད་ལོ་ཧོང་ཀོང་གཞུང་ལ་ས་གནས་དེའི་མི་དམངས་ཀྱིས་ངོ་རྒོལ་བྱས་པའི་ལས་འགུལ་དུས་སུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་གད་སྙིགས་ནང་དུ་ཤོག་གུ་གཡུགས་ཏེ་མེ་སྦར་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ངར་ཤུགས་བསླངས། དེ་རིང་རེས་གཟའ་ཟླ་བ་ཉིན་ཧོང་ཀོང་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དེར་དུས་ཡུན་ཟླ་བ་བཞིའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG