ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་འོས་འདེམས་དང་རྒྱ་ནག


འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་ཨ་མི་རི་ཀ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འོག་ནས་ཡོངས་སུ་ཐར་ཐུབ་ཀྱི་མེད་ཀྱང་། འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་རྒྱ་ནག་མུ་མཐུད་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་ལས་ཐོག་ཨ་རཀ་ཨོ་བྷ་མ་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྱུར་རྒྱུ་ཡིན་པ་མིཊ་རོམ་ཎི་གཉིས་ཀས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་ཅིང་། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་མང་དག་ཅིག་གིས་རྒྱ་ནག་ལ་མ་རྩ་བཙུགས་ཏེ་ཚོང་ལས་གཉེར་ཀྱི་ཡོད་པ་བཅས་ལ་གླེང་སློང་བྱེད་རྒྱུ་ཤུགས་ཇེ་ཆེར་བཏང་སྟེ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྱུར་རྒྱུ་ཡིན་པ་མིཊ་རོམ་ཎི་ཡིས་སྲིད་འཛིན་ཨོ་མའི་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་བྱེད་པ་དང་། ཁོང་གིས་གལ་སྲིད་ང་ཕྱི་ཟླ་༡༡་ཚེས་༦་ཉིན་ཨ་མི་རི་ཀའི་མི་མང་གིས་སྲིད་འཛིན་འོས་འདེམས་བྱེད་ཚེ། ངས་ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་སྒྱུར་བཅོས་གཏོང་རྒྱུ་དང་། རྒྱ་ནག་གཞུང་གིས་ཚོང་ལས་དྲང་སྙོམས་བྱེད་ཀྱི་མེད་པ་དང་ཨ་མི་རི་ཀའི་ཅ་ལག་རྫུན་བཟོ་བྱས་ནས་རིག་དངོས་བདག་དབང་ལ་རྩིས་མེད་གཏོང་གི་ཡོད་པ། རྒྱ་ནག་གི་མི་དམངས་ཤོག་སྒོར་གྱི་ཛ་ཐང་སྤར་གྱི་མེད་པ་རྣམས་ཐེར་འདོན་བྱས་ཏེ། ཨ་མི་རི་ཀས་རྒྱ་ནག་ལ་ཚོང་འབྲེལ་ཐོག་ཏུ་ཉེས་ཆད་བཅད་ནས་ལན་པ་སློག་རྒྱུ་ཡིན་ཞེས་དམ་བཅའ་འཇོག་གི་ཡོད་པ་དང་། ཐོག་མར་སྲིད་འཛིན་ཨོ་བྷ་མའི་གཞུང་གིས་རྒྱ་ནག་ལ་འབྲེལ་བ་གཏིང་ཟབ་གཏོང་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་རུང་། ཉེ་བའི་ཟླ་ཤས་ཤིག་ནས་སྲིད་འཛིན་ཨོ་བྷ་མས་ཀྱང་རྒྱ་ནག་གི་དཔལ་འབྱོར་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པ་དང་། ཁོང་གིས་རྒྱ་ནག་དང་ཨ་མི་རི་ཀ་ཚོང་ལས་ཆ་མཉམ་མེད་པའི་གནད་དོན་གལ་ཆེ་ཁག་ཅིག་ལ་གླེང་སློང་ལྷུག་པོ་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG