ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨུ་རུ་སུའི་བཙན་འཛུལ་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱེད་ཀྱི་མེད་པ།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་རེས་གཟའ་ཕུར་བུའི་ཞོགས་པར་ཡུཀ་རེན་ལ་བཙན་འཛུལ་བྱ་དགོས་པའི་བཀའ་བཏང་སྟེ་རྒྱལ་ས་ཀིབ་དང་གྲོང་ཁྱེར་གཞན་ཁག་འབར་མདེལ་གྱིས་གཏོར་རྒོལ་བྱས་ཤིང་། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་གཏོར་རྒོལ་དེ་བཙན་འཛུལ་རེད་ཅེས་སྐྱོན་བརྗོད་བྱས་པར་མ་ཟད། ཨ་རི་དང་འཇར་མན་ཎི། དབྱིན་ཇི་དང་རྒྱལ་ཁབ་གཞན་ཁག་གི་དབུ་ཁྲིད་ཚོས་ཨུ་རུ་སུའི་བཙན་འཛུལ་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུའི་གསལ་བསྒྲགས་སྤེལ། འོན་ཀྱང་རྒྱ་ནག་གིས་ཕུ་ཊིན་ལ་སྐྱོན་བརྗོད་མ་བྱས་པ་དང་བཙན་འཛུལ་ཞེས་མིང་ཚིག་ཀྱང་བཀོལ་སྤྱོད་བྱེད་ཀྱི་མེད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG