ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཝུ་ཁན་མི་མང་གིས་བདམས་པའི་ས་གནས་འགོ་ཁྲིད་ལ་གཞུང་གིས་ཉེས་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༢༠༡༡་ལོར་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན། ཝུ་ཁན་གྲོང་གསེབ་ཀྱི་མི་མང་གིས་གཞུང་གི་འགོ་ཁྲིད་ཚོས་ལྐོག་ཟ་དང་ཁྲིམས་འགལ་བྱས་ཏེ། ཁོ་ཚོས་ས་གནས་མི་མང་གི་བདེ་སྡུག་ལ་ལྟ་རྟོག་བྱེད་ཀྱི་མེད་པར་ངོ་རྒོལ་བྱས་པ་དང་། གྲོང་གསེབ་པ་ཚོས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ས་གནས་དེའི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ཉེན་རྟོག་པ་རྣམས་མཐར་སྐྲོད་བཏང་བ་མ་ཟད། གྲོང་གསེབ་པ་ཚོས་དམངས་གཙོའི་ལམ་ནས་ས་གནས་དེར་དམར་ཤོག་ཚོགས་པའི་དྲུང་ཆེ་ཞིག་འོས་འདེམས་བྱས་པ་དང་། སྐབས་དེར་ཀོང་ཏུང་ཞིང་ཆེན་གྱི་ཝུ་ཁན་གྲོང་གསེབ་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཞིག་གམ། ཡང་ན་རྒྱ་ནག་ལ་གཞི་རིམ་ནས་དམངས་གཙོ་དར་སྤེལ་གཏོང་བའི་མིག་དཔེ་མཆོག་ཏུ་གྱུར་པ་ཞིག་ལ་གྱུར་ཡོད། དེ་རིང་ཕྱི་ཟླ་༦་ཚེས་༢༡་ཉིན་རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གཞུང་གིས་བརྙན་འཕྲིན་ཞིག་བསྟན་ཏེ། བརྙན་འཕྲིན་དེའི་ནང་དུ་ཝུ་ཁན་གྲོང་གསེབ་ཀྱི་མི་མང་གིས་བདམས་པའི་དམར་ཤོག་ཚོགས་པའི་དྲུང་ཆེ་ལིན་ཙུ་ལཱོན་གྱིས་ངས་ལྐོག་ཟ་དང་ཁྲིམས་འགལ་བྱས་པ་ཡིན་ཞེས་རང་སྐྱོན་ངོས་ལེན་བྱེད་ཀྱི་ཡོད་ཅིང་། ཝུ་ཁན་གྲོང་གསེབ་ཀྱི་མི་མང་གིས་ལིན་ཙུ་ལཱོན་ལ་གཞུང་གི་འགོ་ཁྲིད་ཚོས་བཙན་དབང་བྱས་ནས་ནག་ཉེས་རྫུན་མ་ངོས་ལེན་བྱེད་དུ་བཅུག་ཡོད་སྲིད། གལ་སྲིད་མི་མང་གིས་འོས་འདེམས་བྱས་པའི་ས་གནས་དེའི་འགོ་ཁྲིད་ལ་ནག་ཉེས་བཙན་འགེལ་བྱས་ན་མི་མང་གིས་ངོ་རྒོལ་བྱས་ནས་ཟིང་ཆ་སློང་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད།།

XS
SM
MD
LG