ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་སྲིད་དབང་རྩིས་སྤྲོད་ལ་གྲ་སྒྲིག


ཕྱི་ཟླ་༡༡་ཚེས་༨་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པ་འཚོགས་རྒྱུ་དང་། ད་ལོའི་ཚོགས་ཆེན་ཐོག་ཏུ་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེར་བསྐོ་བཞག་བྱས་ཏེ། ཁོང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་གི་མི་རབས་ལྔ་བའི་འགོ་ཁྲིད་ཚོས་སྲིད་དབང་འཛིན་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་༡༨་པའི་ཐོག་ཏུ་པའོ་ཞི་ལེ་དང་ལིའུ་ཀྲི་ཅུན་གཉིས་ལ་ལྐོག་ཟ་དང་རུལ་སུངས། ཁོང་ཚོས་ཁྲིམས་འགལ་བྱས་པའི་ནག་ཉེས་ཐོག་ཏུ་ཡོངས་གྲགས་སུ་དགག་པ་རྒྱག་རྒྱུ་དང་། ཕྱི་ལོ་༢༠༡༢་ཀྱི་མགོ་སྟོད་དེར་པའོ་ཞི་ལེ་གནས་དབྱུང་བཏང་ནས་བཟུང་། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་ལ་མི་མཐུན་པའི་འགལ་ཟླ་ཆེན་པོ་བྱུང་བ་དང་། རྒྱ་ནག་དམར་ཤོག་གི་མི་རབས་ལྔ་བའི་འགོ་ཁྲིད་ཚོ་འདེམས་བསྐོ་བྱེད་ཕྱོགས་ལའང་འགལ་རྐྱེན་ཆེན་པོ་ཞིག་ཕྲད་པའི་གནས་ཚུལ་ཐོན་ཡོད་པ་རེད། ཡིན་ནའང་ད་ལྟ་རྒྱ་ནག་གཞུང་གི་བློ་ཚབས་ཆེ་ཤོས་དེ་ཏང་གི་ཚོགས་ཆེན་ཐེངས་༡༨་པའི་སྐབས་སུ་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཡིན་མིན་དང་། མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱེད་སྲིད་པའི་ཉེན་ཀ་དེར་སྔོན་འགོག་བྱེད་རྒྱུ་གཙིགས་སུ་བཟུང་ཡོད་པ་སྟེ། པེ་ཅིང་གྲོང་ཁྱེར་གྱི་གླ་གཏོང་རླངས་འཁོར་ཁག་གི་ཤེལ་སྒོ་ཡང་ཕྱེ་མི་ཆོག་པ་དང་། ཏང་གི་ཚོགས་ཆེན་ཐེངས་༡༨་པ་ཚོགས་པའི་རིང་དེར་ཚོང་ཁང་ཁག་ཏུ་ཐབ་ཚང་གི་གྲི་དང་ཞ་སྨྱུག་གཞོག་སྤྱད་གྲི་སོགས་བཙོང་མི་ཆོག་པ། ས་ཐོག་ནས་སྐུད་མེད་འཕྲུལ་ཆས་ཀྱི་སྟངས་འཛིན་བྱེད་པའི་ཕྲུ་གུའི་རྩེད་སྤྱད་གནམ་གྲུ་གཏོང་མི་ཆོག་པ་དང་། ཕིང་ཕང་ལྒང་ལིའི་ཐོག་ཏུ་སྲིད་གཞུང་ལ་གྱེན་ལོག་བྱེད་དགོས་པའི་བརྡ་འཕྲིན་བཀོད་པ་ཚོང་འགྲེམ་བྱེད་ཀྱི་ཡོད་མེད་བརྟག་དཔྱད་བྱས་ཏེ། ད་ལྟའི་པེ་ཅིང་གྲོང་ཁྱེར་གྱི་བདེ་འཇགས་དམ་དྲག་གི་ཚད་གཞི་དེ་ནི། ཁ་སྔོན་ཕྱི་ཟླ་༨་ནང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་བསྡུར་ཚོགས་པའི་སྐབས་སུ་དམ་དྲག་བྱས་པ་དེ་འདྲ་ཞིག་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG