ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཀན་སུའུ་ཞིང་ཆེན་གྱི་ཏིང་ཤི་ས་ཁུལ་ལ་ས་འགུལ།


དེ་རིང་ཕྱི་ཟླ་༧་ཚེས་༢༢་ཉིན་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་གྱི་ཏིང་ཤི་ས་ཁུལ་ལ་ས་འགུལ་བརྒྱུགས་ཏེ། མི་༧༠་ལྷག་ལ་སྲོག་སྐྱོན་དང་མི་༤༠༠་ལྷག་ལ་རྨས་སྐྱོན་ཕོག་ཡོད་ཅིང་། ད་དུང་ས་གནས་དེའི་སྤྱི་སྒེར་གྱི་ཁང་པ་ཁྲི་ཚོ་༢་དང་སྟོང་ཚོ་༡་ལྷག་ལ་གཏོར་བཤིག་ཐེབས་ཡོད་པ་མ་ཟད། ཁང་པ་༡༢༠༠་ལྷག་ལ་གས་སྐྱོན་ཕོག་པ་དང་། ཨ་མི་རི་ཀའི་ས་ཡོམས་བརྟག་དཔྱད་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ཐོག་མར་རྒྱ་ནག་གི་ཏིང་ཤི་ས་གནས་སུ་ས་ཡོམས་འགུལ་ཚད་༥་དང་གྲངས་ཆུ་༩་ཅན་ཞིག་བརྒྱབ་པ་དང་། དེ་ནས་ཅང་མ་འགོར་པར་སླར་ཡང་ས་ཡོམས་འགུལ་ཚད་༥་དང་གྲངས་ཆུང་༦་ཅན་ཞིག་སྔ་རྗེས་སུ་བརྒྱབ་འདུག་ཅེས་གནས་ཚུལ་སྤེལ་ཏེ། ཀན་སུའུ་ཞིང་ཆེན་གྱི་ལས་སྣེ་ཞིག་གིས་ས་འགུལ་སྔ་གཞུག་ཐེངས་གཉིས་བརྒྱབ་པའི་རྗེས་སུ་བརྡབ་འཁྲུག་ཐེངས་༤༠༠་ལྷག་ཐེབས་སོང་ཞེས་བཤད་པ་དང་། ཏིང་ཤི་ས་གནས་ཀྱི་གྲོང་གསེབ་ཅིག་གི་སྨན་པ་ལིན་ཟེར་པ་ཞིག་གིས་ས་འགུལ་ནང་དུ་རྨས་སྐྱོན་ཕོག་པའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG