ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀྲུག་ཡུན་ཁང་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་སྐད།


རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཟུར་པ་ཀྲུག་ཡུན་ཁང་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། གལ་སྲིད་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་གིས་སྤེལ་པའི་གནས་ཚུལ་དེ་བདེན་པ་ཡིན་ན་༡༩༤༩་ལོར་རྒྱ་ནག་དམར་ཤོག་རྒྱལ་ཁབ་འགོ་ཚུགས་ནས་བཟུང་། ད་བར་རྒྱ་ནག་དམར་ཤོག་ཚོགས་ཆེས་མཐོའི་འགོ་ཁྲིད་གྲས་དང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཟུར་པ་ཞིག་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱེད་པར་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་པ་ཐེངས་དང་པོ་ཞིག་ཡིན་པ་དང་། ཀྲུག་ཡུན་ཁང་གི་གནད་དོན་ཐོག་ཏུ་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་ལ་ལྐོག་ཟ་རུལ་སུངས་དར་ཁྱབ་སོང་ཡོད་པ་གཙང་དག་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་ཁ་ཙམ་མིན་པར་ལག་ལེན་བསྟར་གྱི་ཡོད་པ་མཚོན་ཐུབ་པ་མ་ཟད། ཧུ་ཅིན་ཐའོ་ཡིས་ལོ་བཅུ་ལ་རྒྱ་ནག་གི་སྲིད་དབང་བཟུང་བའི་རིང་དེར་ཀྲུག་ཡུན་ཁང་གིས་རྒྱལ་ནང་བདེ་འཇགས་ལྷན་ཁང་དང་ཁྲིམས་སྲིད་ལྷན་ཁང་བཅས་ཀྱི་སྤྱི་ཁྱབ་འགན་འཛིན་དང་། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྲིད་ལྷན་ཁང་ལ་རྒྱུན་ལས་འཐུས་མི་དགུ་ཡོད་པ་དེའི་ནང་གི་གོ་གནས་ཨང་དགུ་བ་དེ་བཟུང་འདུག ཀྲུག་ཡུན་ཁང་གི་འགོ་ཁྲིད་འོག་རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་ལས་ཀྱང་རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོབ་ལ་འགྲོ་གྲོན་མང་བ་བཏང་སྟེ། རྒྱ་ནག་གཞུང་གིས་བོད་ལ་དྲག་གནོན་དང་བོད་པ་འཛིན་བཟུང་། སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་བོད་ས་ཁག་ལ་བོད་ཡིག་རྩ་མེད་གཏོང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་དེར་ཀྲུག་ཡུན་ཁང་ཐད་ཀར་འབྲེལ་བ་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG