ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གིས་ཁེ་ན་ཌའི་སྤྱི་དམངས་གཉིས་པ་ཞིག་ལ་ཁྲིམས་བཤེར།


༄༅།། དེ་རིང་ཕྱི་ཟླ་༣་པའི་ཚེས་༢༢་ཀྱི་ཞོགས་པ་སྟེ། གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ལོ་གཉིས་ཀྱི་སྔོན་དུ་འཛིན་བཟུང་བྱས་པའི་ཁེ་ན་ཌའི་སྤྱི་དམངས་གཉིས་ཀྱི་ཁོངས་ནས་ཕྱི་འབྲེལ་མི་སྣ་ཟུར་པ་མེ་ཁེལ་ཁྭོ་རཱིག་ལ་གསང་ཉུལ་གྱི་ཉེས་འཛུགས་ཐོག་ཏུ་ཁྲིམས་བཤེར་བྱས་ཡོད་ཅིང་། ཕྱིའི་རྒྱལ་ཁབ་ཉི་ཤུ་ལྷག་གི་ཕྱི་འབྲེལ་མི་སྣ་༣༠་ཡས་མས་ཤིག་པེ་ཅིང་གི་ཁྲིམས་ཁང་དེའི་མདུན་དུ་འཛོམས་ཀྱང་ཟུར་ཉན་ལ་ཕེབས་རྒྱུ་དེར་དགག་བྱ་བྱས་ཡོད་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG