ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རྒྱ་གཉིས་རྒྱ་ནག་གཅིག་གི་རྩ་དོན་ལ་ལྟ་ཚུལ་མ་འདྲ་བ་བྱུང་སྐད།


༄༅།། ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྲུང་སློབ་སྟོན་པ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཕྱི་སྲིད་འགན་འཛིན་རྣམས་ཨ་མི་རི་ཀའི་ཨ་ལ་སི་ཁ་མངའ་སྡེར་ཐུག་འཕྲད་གྲོས་མོལ་བྱུང་ཡོད་ཅིང་། གཟའ་འཁོར་སྔོན་མའི་ཐུག་འཕྲད་གྲོས་མོལ་སྐབས་སུ་ཕྱོགས་གཉིས་ཀྱི་གཞུང་འབྲེལ་མི་སྣ་ཚོ་རྒྱ་ནག་གཅིག་ཟེར་བའི་རྩ་དོན་གྱི་ནང་དོན་ལ་བསམ་ཚུལ་མ་འདྲ་བ་བྱུང་ཡོད་པའི་རྣམ་འགྱུར་བསྟན་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་དང་ཐེ་ཝན་གཉིས་ཀར་རྒྱ་ནག་གཅིག་ཟེར་བ་དེའི་གོ་དོན་ལ་འགྲེལ་བཤད་དང་མཚན་ཉིད་འཇོག་སྟངས་མ་འདྲ་བ་ཡོད་པའི་སྐོར། གསར་འགྱུར་བརྒྱུུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG