ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་འཆར་ལྡན་བུ་སྐྱེས་སྲིད་ཇུས།


༡༩༧༩་ལོར་རྒྱ་ནག་གཞུང་གིས་མི་འབོར་བཀག་སྡོམ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་བཟུང་། ད་བར་རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཁྱིམ་ཚང་ཁག་གི་བཟའ་ཚང་རེ་ལ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་ཐག་གཅོད་བྱས་པ་དང་། ད་ལྟ་ལོ་ངོ་༣༠་ལྷག་གི་རྗེས་སུ་རྒྱ་ནག་གི་སྲོལ་རྒྱུན་ལྟར་ཕ་མ་ཚོས་ཕྲུ་གུ་གཅིག་སྐྱེ་ཆོག་པ་དེ་བུ་འདེམས་ཏེ། རྒྱ་ནག་གི་སྤྱི་ཚོགས་སུ་ཕོ་མོ་གཉིས་མང་ཉུང་ཆ་མཉམ་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་དང་། ད་དུང་མུ་མཐུད་དུ་རྒྱ་ནག་གཞུང་གིས་ཁྱིམ་ཚང་རེར་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཚེ། རྒྱ་ནག་གི་སྤྱི་ཚོགས་སུ་སྐྱེས་པ་མང་དྲགས་པ་དང་བུད་མེད་ཉུངས་དྲགས་པ། ༡༩༧༩་ལོའི་གོང་དུ་སྐྱེས་པའི་རྒན་རྒོན་གྱི་མི་འབོར་མང་དྲགས་པ་དང་། ༡༩༧༩་ལོའི་རྗེས་སུ་སྐྱེས་པའི་མི་རབས་གཞོན་པའི་གྲངས་འབོར་ཉུང་དྲགས་ཏེ། རྒྱ་ནག་གི་མི་རབས་གསར་པ་ཚོར་རྒན་རྒོན་གསོ་རྒྱུ་མང་དྲགས་པ་སོགས་ཀྱི་སྐྱོན་ཆེན་པོ་འཕྲད་རྒྱུའི་ཉེན་ཀ་ཡོད་པ་རེད།།

XS
SM
MD
LG