ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གསར་འགོད་རང་དབང་ལ་ངོ་རྒོལ་བྱས་པའི་རྩོད་རྙོག


ལོ་གཅིག་གི་སྔོན་ལ་རྒྱ་ནག་ལྷོ་ཕྱོགས་བདུན་རེའི་ཚགས་པར་གྱི་ཆེད་བརྗོད་རྩོམ་ཡིག་ཅིག་གི་མགོ་བརྗོད་ལ་གཞུང་གིས་བཙན་གྱིས་བསྒྱུར་བཅོས་བཏང་བ་དེ་དང་འབྲེལ་ནས། གསརཁང་དེའི་གསར་འགོད་པ་དང་དམངས་གཙོ་ལས་འགུལ་བ། མི་མང་རྒྱབ་སྐྱོར་བ་བཅས་ཀྱིས་ཚགས་པར་འདིའི་བདག་པོ་ལྷོ་ཕྱོགས་གསར་འགོད་ལྷན་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། དེའི་རྗེས་གཞུང་དང་གསར་ཁང་གཉིས་ནང་འགྲིགས་གྲོས་མོལ་བྱས་ཏེ་གནས་ཚུལ་དེ་ཞི་འཇགས་ཕྱིན་བཏང་ཡོད་ཀྱང་། སྐབས་དེར་གསར་ཁང་དེར་རྒྱབ་སྐྱོར་བྱེད་མཁན་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད། ད་ལྟ་ལྷོ་ཕྱོགས་གསར་འགོད་ལྷན་ཚོགས་ཀྱིས་རང་ལ་རྒྱབ་སྐྱོར་བྱེད་མཁན་ལས་འགུལ་བ་ཚོས་གསར་ཁང་གི་ལས་དོན་ལ་བྱུས་གཏོགས་བྱེད་སོང་ཞེས་ཉེན་རྟོག་པར་ཕུལ་བའི་སྙན་ཞུའི་ཡིག་ཆ་ཞིག་ཕྱི་ལ་ཐོན་པར་བརྟེན་ མི་མང་གི་ཁྲོད་དུ་གསར་ཁང་འདི་ལ་སྐྱོན་བརྗོད་བྱེད་མཁན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་བཅས་ཀྱི་ཐད་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG