ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་བོད་པར་དམིགས་ནས་བལ་ཡུལ་ལ་གནོན་ཤུགས།


ཨ་རིའི་སྲིད་འཛིན་ཟུར་པ་འཇི་མི་ཁར་ཀྲར་གྱིས་གཟའ་ཟླ་བའི་ཉིན་བལ་ཡུལ་དུ་གསར་འགོད་པ་ཚོར་གཏམ་བཤད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་པ་བཙན་བྱོལ་བ་ཚོར་དམིགས་ནས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་། ད་ཆ་བལ་ཡུལ་དུ་གནས་སྡོད་བྱེད་མཁན་བོད་པ་སྐྱབས་བཅོལ་བ་ཚོ་ཇེ་ཉུང་དུ་ཕྱིན་ཡོད་པས། བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་དེ་དག་ལ་དང་ལེན་དང་བརྩི་འཇོག་མི་གནང་བའི་རེ་བ་ཡོད་ཅེས་གསུངས་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG