ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཆབ་སྲིད་གླེང་རྙོང་།


ད་ལོ་རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་པཱོ་ཤི་ལིར་ལྐོག་ཟ་བྱས་པའི་གླེང་རྙོག་བྱུང་ནས་གནས་དབྱུང་བཏང་བ་དང་། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་གྱི་དམག་ཤོག་ཚོགས་པའི་དྲུང་ཆེ་གསར་པ་ཀྲང་ཏེ་ཅང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། པཱོ་ཤི་ལེའི་གླེང་རྙོག་ལ་བརྟེན་ནས་རྒྱ་ནག་དམར་ཤོག་ཚོགས་པར་མི་མང་གི་ཡིད་ཆེས་དང་ཆེ་མཐོང་གཉིས་ཀ་བརླགས་ཏེ་གནོད་སྐྱོན་ཚབས་ཆེན་པོ་ཞིག་ཕོག་ཡོད། ཡིན་ནའང་འདས་པའི་ལོ་ལྔའི་རིང་ཁྲུང་ཆིང་གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་ཡར་རྒྱས་ཀྱི་གྲུབ་འབྲས་ཐོན་པ་དང་། པཱོ་ཤི་ལེ་ཡིས་ལྐོག་ཟ་བྱས་ཏེ་གོ་གནས་ཕབ་པའི་གླེང་རྙོང་གཉིས་ལ་ལྟ་སྟངས་ཐ་དད་ཅིག་འཛིན་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG