ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱིས་བོད་དོན་ལ་འཛིན་པའི་སྲིད་ཇུས་དེར་རྒྱ་ནག་འདོད་པ་ཚིམས་པ།


རྒྱ་ནག་གི་སྲིད་བློན་གཞོན་པ་ཧེ་ཡུང་གིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བལ་ཡུལ་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། བལ་ཡུལ་གྱི་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་དམར་ཤོག་ཚོགས་པ་དང་ཀོང་རེ་སི་ཚོགས་པ། བལ་ཡུལ་གྱི་སྲིད་བློན་དང་སྲིད་འཛིན་ལས་ཚབ། ད་དུང་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོས་རྒྱ་ནག་གི་སྐུ་ཚབ་ཚོགས་པར་ཐུག་འཕྲད་བྱས་ཏེ། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཁོང་ཚོས་བལ་ཡུལ་གྱི་ས་ཐོག་ཏུ་བོད་པ་སྐྱབས་བཅོལ་བ་ཚོར་རྒྱ་ནག་ཁ་བྲལ་གཏོང་བའི་ལས་འགུལ་སྤེལ་མི་ཆོག་པའི་བཀག་སྡོམ་བྱས་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཞེས་བསྔགས་བརྗོད་བྱས་པ་མ་ཟད། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་སྐྱོང་བྱེད་རྒྱུ་དེར་འགྱུར་བ་མེད་པ་དང་། བོད་པ་སྐྱབས་བཅོལ་བ་ཚོ་ལའང་སྔར་བཞིན་བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མི་ཆོག་པའི་དམ་བསྒྲགས་བྱེད་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པ་རེད།

XS
SM
MD
LG