ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༣/༡༣
བོད།
ལྷ་ས་གྲོང་ཁྱེར་ཁུལ་གྱི་དགོན་པ་ཁག་སྒོ་ཕྱེ་ནས་མཆོད་མཇལ་ལ་བཏང་བ།
༢༠།༠༥།༢༠༢༠
ལྷ་ས་གྲོང་ཁྱེར་ཁུལ་གྱི་དགོན་པ་ཁག་སྒོ་ཕྱེ་ནས་མཆོད་མཇལ་ལ་བཏང་བ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
ལྷ་ས་གྲོང་ཁྱེར་ཁུལ་གྱི་དགོན་པ་ཁག་སྒོ་ཕྱེ་ནས་མཆོད་མཇལ་ལ་བཏང་བ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:31
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། ཕྱི་ཟླ་༥་ཚེས་༡༩་ཉིན་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་སྤྱི་བསྒྲགས་ཤིག་སྤེལ་ཏེ་ལྷ་སའི་གཙུག་ལག་ཁང་ཕུད་པའི་གྲོང་ཁྱེར་གྱི་རྫོང་དང་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་དགོན་སྡེ་ཁག་ཕྱི་ཚེས་༢༠་ནས་རིམ་བཞིན་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་ཡིན་ཞེས་བཀོད། དེ་རིང་ཕྱི་ཚེས་༢༠་ཉིན་ལྷ་ས་གྲོང་ཁྱེར་ཁུལ་གྱི་མི་མང་རྣམས་ཞོགས་པ་སྔ་པོ་ནས་འབྲས་སྤུངས་དང་སེ་ར། དགའ་ལྡན་བཅས་གྲོང་ཁྱེར་ཉེ་ཁུལ་གྱི་དགོན་སྡེ་ཁག་ལ་མཆོད་མཇལ་དུ་བསྐྱོད་ཡོད་ཅིང་། ད་ནངས་འབྲས་སྤུངས་དགོན་པར་མཆོད་མཇལ་དུ་སྐྱོད་མཁན་ཚོར་དགོན་པའི་གླིང་སྐོར་མ་གཏོགས་མཆོད་མཇལ་ལ་མ་བཏང་བར་མི་མང་པོ་ཞིག་གིས་གླིང་སྐོར་བརྒྱབ་ཕྱིར་ལོག་བྱ་དགོས་བྱུང་འདུག་ཅེས་མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་བྱས་བྱུང་།།
གསར་འགྱུར་མཁོ་སྤྲོད་པས་རིམ་བཞིན་འབྲས་སྤུངས་དང་སེ་ར་གཉིས་སུ་མཆོད་མཇལ་དུ་ཡོང་མཁན་མི་ཚོགས་ཧ་ཅང་ཆེན་པོ་རེ་འདུས་པའི་སྟབས་ཀྱིས་མཆོད་མཇལ་ལ་བཏང་བར་མ་ཟད། དགོན་པའི་འགག་སྒོར་ཡུལ་མིའི་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་བྱས་ནས་དགོན་པའི་ནང་ལ་འཛུལ་དུ་བཅུག་པ་དང་མི་ལ་ཚ་བ་དང་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་སོང་། འདི་དང་དུས་མཚུངས་སུ་སེ་ར་དགོན་པར་ཡང་མང་ཚོགས་མཆོད་མཇལ་ལ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཞིག་འབྲེལ་ཡོད་མི་སྣ་གཞན་ཞིག་གིས་ས་གནས་ས་ཐོག་ཏུ་བརྗོད་བྱས་བྱུང་། དེ་བཞིན་དེ་རིང་གཟའ་ལྷག་པ་ནས་མཚུར་ཕུ་དགོན་པར་འགྲུལ་པ་སྐྱེལ་འདྲེན་བྱེད་ཀྱི་ཡོད་ཅེས་སྒར་གྱི་རླངས་འཁོར་ཁ་ལོ་བ་ཚོས་ལྷ་སའི་རྡོ་སེངྒེའི་ལམ་དུ་བརྡ་སྦྱོར་བྱེད་བཞིན་ཡོད་པ་རེད། ལྷ་སའི་གླིང་སྐོར་གྱི་སྐོར་ལམ་ཡོངས་རྫོགས་ལ་མི་གཅིག་མ་གཏོགས་ཐར་ས་མེད་པའི་ལྕགས་དྲྭ་བསྐོར་ཏེ་གླིང་སྐོར་དུ་འགྲོ་མཁན་རྣམས་ལྕགས་དྲྭའི་ནང་མི་རེ་རེ་བྱས་ནས་བསྐྱོད་དགོས་པ་དང་གཡས་གཡོན་དུ་དཀྱོག་ས་མེད་པས་གླིང་སྐོར་ལམ་དུ་བརྐྱངས་ཕྱལ་འཚལ་ས་མེད་པ་རེད།།
ད་དུང་ལྷ་སའི་གླིང་སྐོར་ལམ་གྱི་གནས་ས་གལ་ཆེན་གྲས་ལྕགས་པོ་རིའི་གཤམ་དུ་ཡོད་པ་སངས་རྒྱས་སྟོང་སྐུར་མཇལ་བར་འགྲོ་སའི་ལམ་དེ་བཀག་སྟེ་སངས་རྒྱས་སྟོང་སྐུ་མཇལ་མི་ཐུབ་པ་བཟོས་འདུག ཡང་ལྷོ་ཁ་དང་སྟོད་ལུང་། འཕན་པོ་དང་མལ་གྲོ་བཅས་སུ་ཆགས་པའི་དགོན་སྡེ་ཁག་ཕལ ཆེ་བ་དེ་རིང་ནས་དངོས་སུ་ཆོས་སྒོ་ཕྱེ་ཡོད་ཀྱང་མཆོད་མཇལ་ལ་གཏོང་དུས་གྲོང་མིའི་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་དང་ནད་དུག་སྔོན་འགོག་གི་སྒྲིག་ལམ་དམ་པོ་བྱ་དགོས་ཐུག་གི་ཡོད་པ་རེད། དེ་བཞིན་ཉེ་ཆར་ལྷ་སའི་བར་སྐོར་སྒོ་ཕྱེ་པའི་ཉིན་མོ་ནས་རྩེ་ཕོ་བྲང་པོ་ཏ་ལར་རྩེ་སྐོར་དུ་འགྲོ་མཁན་རྣམས་གློག་སྒོ་མི་འདྲ་བ་བཞི་བརྒྱུད་དགོས་པར་མ་ཟད། གྲོང་མིའི་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་དང་ཅ་དངོས་ཚང་མར་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱ་དགོས་ཀྱི་ཡོད་པ་བཅས་པོ་ཏ་ལར་རྩེད་སྐོར་དུ་སྐྱོད་མཁན་ཚོར་སུན་སྣང་ཆེན་པོ་བཟོ་བཞིན་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།།
ཁ་སང་ལྷ་གྲོང་ཁྱེར་ནང་བསྟན་མཐན་ཚོགས་ཀྱིས་སྤེལ་བའི་སྤྱི་བསྒྲགས་དེར་ལྷ་ལྡན་གཙུག་ལག་ཁང་སྒོ་མ་ཕྱེ་པའི་རྒྱུ་མཚན་ནི་གཙུག་ལག་ཁང་གི་བདེ་སྲུང་དང་མེ་ཟོན། གློག་ཤུགས་མཐོར་འདེགས་སོགས་རིག་དངོས་སྲུང་སྐྱོབ་ཀྱི་ལས་གྲྭ་ཁག་གཉེར་བཞིན་ཡོད་པས་གནས་སྐབས་རིང་སྒོ་འབྱེད་རྒྱུ་མིན། སྒོ་འབྱེད་དུས་བརྡ་ལན་སྤེལ་རྒྱུ་ཡིན་ལུགས་འཁོད་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པས་བརྗོད་བྱུང་། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་བཙུགས་ཡོད་པའི་དབོན་ཞང་རྡོ་རིང་ཡོད་སར་འཛུགས་སྐྲུན་གྱི་ལས་གཞི་ཞིག་གཉེར་བཞིན་ཡོད་པས་དེའི་གཡས་གཡོན་དུ་མི་སུ་གཅིག་ཀྱང་གཏོང་གི་མེད་ཅིང་། ད་ནངས་ཞོགས་པར་གཙུག་ལག་ཁང་གི་དགེ་འདུན་པ་ཁག་ཅིག་ཇོ་ཁང་མདུན་གྱི་མེ་ཏོག་ར་བ་ཡོད་སར་བཀྲམ་སྟེ་རྡོ་རིང་ཡོད་སའི་ཕྱོགས་སུ་མི་གཏོང་གི་མེད་པའི་གནས་ཚུལ་ཐོན་འདུག སྤྱིར་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་ལྷ་སའི་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལ། གདན་ས་སེ་འབྲས་དགེ་གསུམ་སོགས་ལྷ་ས་གྲོང་ཁྱེར་ཁུལ་གྱི་དགོན་སྡེ་ཡོང་ས་རྫོགས་འདི་ལོའི་བོད་ཀྱི་ལོ་གསར་སྔོན་ནས་མང་ཚོགས་ལ་སྒོ་བརྒྱབ་སྟེ་ད་ལྟའི་བར་དུ་ཟླ་བ་བཞི་ཙམ་ཕྱིན་ཀྱང་དགོན་པའི་ནང་དུ་དགེ་འདུན་པ་ཚོ་སྔར་བཞིན་ཚོགས་ཆོས་ར་འཚོགས་པ་དང་སློབ་གཉེར་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
འབྲེལ་ཡོད།
མཚོ་སྔོན་པོའི་རྒྱུད་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་འཆར་ཡོད་པ།
ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་བཤིག་ཤུལ་དུ་ཤིང་སྡོང་བཙུགས་པ།
XS
SM
MD
LG