གཟའ་འཁོར་འདིར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལེ་འོང་ཕེ་ཎི་ཀྲས་རྒྱ་ནག་གིས་བྱང་ཀོ་རི་ཡར་མེ་ཤུགས་འཕུར་མདའི་འཕྲུལ་རིག་ལག་རྩལ་ཁག་ཅིག་རོགས་རམ་བྱས་ཡོད་སྲིད་པ་དང་། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་མི་ཆོག་པའི་གྲོས་ཆོད་བཞག་པ་དང་རྒྱབ་འགལ་ཡིན་ཞེས་སྐྱོན་བརྗོད་བྱས་ཀྱང་། རྒྱ་ནག་གཞུང་གིས་ཨ་རིའི་རྒྱལ་སྲུང་དྲུང་ཆེའི་སྐྱོན་འཛུགས་དེར་ངོས་ལེན་བྱེད་ཀྱི་མེད་པ་དང་། ད་ལྟ་ཨ་རིའི་རྒྱལ་སྲུང་དྲུང་ཆེས་བྱང་ཀོ་རི་ཡ་སླར་ཡང་གྲོས་མོལ་ལ་མཉམ་ཞུགས་བྱེད་པར་རྒྱ་ནག་གིས་ཤུགས་སྣོན་བརྒྱབ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།