ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ནོ་བེལ་ཞི་བདེའི་གཟེངས་རྟོགས་ལ་སྐྱོན་བརྗོད།


རྒྱ་ནག་གིས་བཙོན་འཇུག་འོག་གནས་བཞིན་ཡོད་པའི་དམངས་གཙོ་དོན་གཉེར་བ་ལེའུ་ཞའོ་པོ་ལ་ཕྱི་ལོ་༢༠༡༠་ཐམ་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་སྟེ། གཟའ་པ་སངས་ཉིན་རྒྱ་ནག་ཉིན་རིའི་ཚགས་པར་ལ་རྩོམ་ཡིག་གཅིག་སྤེལ་ནས་ཡོ་རོབ་རྒྱལ་ཁབ་ཁག་དང་ཨ་མི་རི་ཀས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཆབ་སྲིད་ཀྱི་ལག་ཆ་ཞིག་ལ་བསྒྱུར་པ་དང་། ཁོང་ཚོས་སྤྱི་ཚོགས་རིངས་ལུགས་ཀྱི་རྒྱ་ནག་རྒྱལ་ཁབ་ལ་དུས་བདེ་ཞོད་འཇགས་མེད་པར་གཏོང་ཐབས་བྱེད་བཞིན་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ད་དུང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ལེའུ་ཞའོ་པ་ལ་རྒྱབ་སྐྱོར་ཡོད་པའི་གསལ་བསྒྲགས་སྤེལ་ཚེ། རྒྱ་ནག་དང་འབྲེལ་བ་སྡུག་ཏུ་ཕྱིན་ནས་མཇུག་འབྲས་ཧ་ཅང་ངན་པ་ཞིག་ཐོན་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།།

XS
SM
MD
LG