ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཚགས་ཤོག་གིས་རང་གི་གསར་འགོད་པ་ཞིག་སྲུང་སྐྱོབ་བྱས་པར་ནོར་འཁྲུལ་ཡིན་པ་ངོས་ལེན།


ཨར་པོའི་འཛུགས་བསྐྲུན་གྱི་ལས་གཞིའི་ཆེད་འཕྲུལ་ཆས་ཀྱི་ལག་ཆ་མཁོ་འདོན་བྱེད་མཁན་ཁེ་གཉེར་བཟོ་ཚོང་ལས་ཁང་ཞིག་གི་སྐོར། གནས་ཚུལ་ རྫུན་བཟོ་དང་འཁྱོག་བཤད་བྱས་པའི་ལན་དུ་དངུལ་ལྐོག་རྔན་བླངས་ཡོད་ ལུགས། རྒྱ་མིའི་ཚགས་ཤོག་གི་གསར་འགོད་པ་ཞིག་གིས། ཉེན་རྟོག་པར་ བརྗོད་ཡོད་པའི་གནས་ཚུལ་ཐོན་པའི་རྗེས། གསར་འགོད་པ་དེ་སྲུང་སྐྱོབ་བྱ་ ཐབས་བྱེད་མཁན་གྱི་ཚགས་དཔར་ལས་ཁུངས་ཀྱིས། གསར་འགོད་པ་དེས་ འདོན་སྤེལ་བྱས་པའི་གནས་ཚུལ་རྣམས་དངོས་འབྲེལ་ཡིན་མིན་ཞིབ་འཇུག་ ཚད་ལྡན་བྱེད་ཐུབ་མེད་པར་དགོངས་སེལ་ཞུས་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་ གནས་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིས་ཀྱིས་ སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG