ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་འཐབ་འཛིང་གནམ་གྲུས་ཤར་རྒྱ་ནག་རྒྱ་མཚོའི་ནང་ལ་སྐོར་གཡེང་།


རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་ལ་གནམ་གྲུ་འཕུར་སྐྱོད་བྱེད་མི་ཆོག་པའི་ས་ཐིག་གསར་པ་ཞིག་འཐེན་པ་དེར་སྲུང་སྐྱོབ་བྱེད་པའི་ཆེད་དུ་འཐབ་འཛིང་གནམ་གྲུ་བཏང་སྟེ། ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱིས་རྒྱ་ནག་གི་ས་ཐིག་གསར་པ་དེར་བརྩི་མེད་བཏང་ནས་ཤར་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་བཏང་བ་དེར་འགོག་རྒོལ་བྱེད་ཀྱི་ཡོད་ཅིང་། ད་ལྟ་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་མཁའ་དབྱིངས་མངའ་ཁོངས་བརྩད་ནས་རྒྱ་ནག་དང་ཨ་མི་རི་ཀ རྒྱ་ནག་དང་ཉི་ཧོང་། རྒྱ་ནག་དང་ལྷོ་ཀོ་རི་ཡའི་སྡུག་ཏུ་སོང་ནས་འཁྲུག་རྩོད་འབྱུང་རྒྱུའི་ཉེན་ཀ་ཡོད་ཀྱང་། དེ་རིང་གཟའ་པ་སངས་ཉིན་ཧྥི་ལི་ཕིན་གྱིས་ཀྱང་རྒྱ་ནག་གིས་གསར་དུ་འཐེན་པའི་མཁའ་དབྱིངས་ས་ཐིག་དེར་ངོས་འཛིན་བྱེད་རྒྱུ་མིན་པ་དང་། ཧྥི་ལི་ཕིན་གྱི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གིས་ས་ཐིག་འཐེན་ཚད་ལ་ངོས་ལེན་བྱེད་དགོས་ཚེ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིང་ལའང་ས་ཐིག་འཐེན་རྒྱུ་དང་། ཁོ་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་ཅད་རྒྱ་ནག་གི་མངའ་ཁོངས་ཡིན་པའི་བདག་རྩོད་བྱེད་སྲིད་པའི་ཉེན་ཀ་འདུག་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།
XS
SM
MD
LG