ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་གཏོང་རྒྱུའི་གྲོས་གཞི་བཏོན་པ།


དེ་རིང་ཕྱི་ཟླ་༥་པའི་ཚེས་༢༢་ནས་འགོ་ཚུགས་ཡོད་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཏོག་དབྱིབས་ནད་དུག་འགོག་བཅོས་དང་དབུལ་སྒྲོལ་འགག་གཏོར་ལས་རྣམ་པར་རྒྱལ་བ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་དགོས་པ་སོགས་དོན་ཚན་ཆེན་པོ་༨་ལ་གྲོས་སྡུར་བྱེད་ཀྱི་ཡོད་ཅིང་། འོན་ཀྱང་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་ཆེན་པོ་ཞིག་བྱེད་ཀྱི་ཡོད་པའི་དོན་ཚན་ཞིག་ནི་ཧོང་ཀོང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་གྱི་ཁྲིམས་གཞི་ཞེས་པ་ཞིག་མཚམས་སྦྱོར་བྱས་ནས་གྲོས་སྡུར་བྱེད་དུ་འཇུག་གི་ཡོད་པ་དེ་འདུག འདི་ནི་ཧོང་ཀོང་གི་གྲོས་ཚོགས་དང་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་གཞུང་འཛིན་ལྷན་ཁང་གཉིས་བརྒྱུད་མ་དགོས་པར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ལ་ལག་ལེན་བསྟར་ཆོག་པའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ཤིག་ཡིན་པས་ཧོང་ཀོང་གི་ཤེས་ཡོན་ཅན་དང་སྲིད་དོན་ཉམས་ཞིབ་པ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོ་ཕྱོགས་མང་པོ་ཞིག་གིས་ཁྲིམས་གཞི་འདིར་བློ་འཚབ་བྱ་དགོས་པའི་གནས་སུ་གྱུར། གལ་སྲིད་བཅའ་ཁྲིམས་དེ་འདྲ་ཞིག་དངོས་སུ་གཏན་འབེབས་བྱུང་ན་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ལག་ལེན་བསྟར་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་མེད་པར་འགྱུར་རྒྱུ། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་དམངས་གཙོའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ལྟར་གྲོས་གཞི་དང་ཁྲིམས་གཞི་ཁག་ལ་དགག་བྱ་བྱེད་པའམ། ཡང་ན་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བཏོན་པའི་གྲོས་གཞི་ཁག་ལ་ཆོད་སློག་གཏོང་ཐུབ་པའི་དབང་ཚད་མེད་པས་ཚོགས་ཆེན་མཇུག་སྡོམ་དུས་སུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ལ་ལག་ལེན་བསྟར་རྒྱུའི་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་ཟེར་བའི་བཅའ་ཁྲིམས་ཤིགགཏན་འབེབས་བྱ་རྒྱུ་གཏན་ཁེལ་ཟིན་པ་ལྟ་བུ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

རྒྱ་ནག་གཞུང་གིས་ཧོང་ཀོང་རྩིས་ལེན་སྐབས་སུ་ལོ་༥༠་ཐམ་པའི་རིང་ལ་མངའ་ཁུལ་དེར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་ཆོག རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཕྱི་འབྲེལ་དང་རྒྱལ་སྲུང་གཉིས་ལ་འགན་ལེན་བྱ་རྒྱུ་ཡིན། ཧོང་ཀོང་གི་དཔལ་འབྱོར་དང་ཚོང་ལསཤེས་ཡོན་སློབ་གསོ་དང་ཁྲིམས་འཛིན་ལམ་ལུགས། ཧོང་ཀོང་གི་ནང་སྲིད་བཅས་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱ་རྒྱུ་མིན་ཞེས་ཁས་བླངས། ཡིན་ནའང་༢༠༠༣་ནས་བཟུང་སྟེ་རྒྱ་ནག་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དེར་ཁྲིམས་ཡིག་༢༣་པ་ཞེས་པ་ཞིག་ཁ་སྣོན་བྱ་དགོས་པའི་བཙན་བཀའ་ཕབ། ཁྲིམས་ཡིག་༢༣་པ་དེརརྒྱལ་ཁབ་ལ་རྒྱབ་གཏོད་དང་ཁ་བྲལ་ལ་ངོ་རྒོལ། དབུས་གཞུང་གི་སྲིད་དབང་ལ་གྱེན་ལོག་གི་ལས་འགུལ་ཁག་ལ་ངོ་རྒོལ་བྱ་དགོས་ཞེས་བཀོད། དེ་ལ་ཧོང་ཀོང་མི་མང་ས་ཡ་མང་པོསངོ་རྒོལ་ཁྲོམ་སྐོར་བྱས་པས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་ལ་ཁྲིམས་ཡིག་༢༣་པ་གཏན་འབེབས་བྱེད་དུ་འཇུག་མ་ཐུབ། ༢༠༡༤་ལོར་ཧོང་ཀོང་གི་སློབ་ཕྲུག་ཚོས་མངའ་ཁུལ་དེར་དམངས་གཙོའི་སྒྱུར་བཅོས་གཏོང་དགོས། ཧོང་ཀོང་གི་འགོ་ཁྲིད་དང་གྲོས་ཚོགས་འཐུས་མི་རྣམས་མངའ་ཁུལ་དེའི་མི་དམངས་ལ་ཐད་ཀར་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་ཉི་གདུགས་སེར་པོ་འཁྱེར་ནསདུས་ཡུན་ཟླ་བ་༣་ཡས་མས་ཤིག་ལ་དམངས་གཙོའི་ལས་འགུལ་སྤེལསྔ་ལོ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཞིག་གཏན་འབེབས་བྱ་དགོས་ཞེས་གནོན་ཤུགས་སྤྲད། བཅའ་ཁྲིམས་དེའི་དམིགས་ཡུལ་ནི་རྒྱ་ནག་གི་ས་གནས་ཁག་ཏུ་དམངས་གཙོའི་ལས་འགུལ་སྤེལ་ནས་ཧོང་ཀོང་ལ་བྲོལ་བྱོལ་དུ་སོང་བ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱེད་ཆོག་པའི་ཁྲིམས་ཤིག་ཡིན་པས་ཧོང་ཀོང་མི་དམངས་ས་ཡ་མང་པོས་སླར་ཡང་ཁྲིམས་གཞི་དེར་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ནས་ཟླ་བ་༦་ལྷག་ལ་ཧོང་ཀོང་གི་ངོ་རྒོལ་མཚམས་མ་ཆད། དེར་བརྟེན་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་ཧོང་ཀོང་ལ་དབང་སྒྱུར་དམ་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་ངོས་ཟིན། དེ་ནས་པེ་ཅིང་གི་དབང་འཛིན་པ་ཚོས་ཐབས་ལམ་སྣ་ཚོགས་ཤིག་བརྒྱུད་ནས་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་ཁས་ལེན་བྱས་པའི་རང་དབང་གི་ཐོབ་ཐང་རྣམས་རིམ་བཞིན་རྩ་མེད་གཏོང་རྒྱུ་འགོ་ཚུགས།།

ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ད་ལོའི་སྲིད་གྲོས་ཚོགས་འདུའི་སྟེང་ཞུགས་ཡོད་པ།
ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ད་ལོའི་སྲིད་གྲོས་ཚོགས་འདུའི་སྟེང་ཞུགས་ཡོད་པ།

གཟའ་འཁོར་རྗེས་མར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་གྱི་བཅའ་ཁྲིམས་གཏན་འབེབས་བྱུང་ན་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་སུ་འཁོད་པའི་རང་དབང་གི་ཐོབ་ཐང་རྣམས་མེད་པར་འགྱུར་རྒྱུ་ཡིན་པར་མ་ཟད། དེང་སྐབས་ཧོང་ཀོང་ལ་གསར་འགོད་རང་དབང་དང་ཆབ་སྲིད་ཀྱི་གནད་དོན་ཁག་ལ་ངོ་རྒོལ་བྱེད་ཆོག་པའི་རང་དབང་། རྒྱ་ནག་སྐམ་ས་ཆེན་མོ་དང་མ་འདྲ་བར་ཧོང་ཀོང་ལ་རང་གི་ཐུན་མོང་མ་ཡིན་པའི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཤིག་དར་ཡོད་པཧོང་ཀོང་ལ་རང་དབང་གི་ཁྲིམས་འཛིན་ལམ་ལུགས་ཤིག་དར་ཡོད་པ་དང་རྒྱལ་སྤྱིའི་ཐོག་ཏུ་ཧོང་ཀོང་ལ་ཚོང་ལས་གཉེར་ཆོག་པའི་རང་དབང་ཡོད་པ་རྣམས་མེད་པར་འགྱུར་རྒྱུ། རྒྱ་ནག་སྐམ་ས་ཆེན་མོར་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལག་ལེན་བསྟར་ནས་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ། གསར་འགོད་པ་དང་དམངས་གཙོའི་ལས་འགུལ་བ་སོགས་ལ་དྲག་གནོན་བྱས་ནས་བཙོན་དུ་འཇུག་གི་ཡོད་ས་ཧོང་ཀོང་གི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། དམངས་གཙོ་དང་རང་དབང་འཐབ་རྩོད་པ་རྣམས་ལའང་མདུན་ལམ་བཟང་པོ་ཞིག་མེད་པ་དཔོག་ནུས། རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་གྱི་བཅའ་ཁྲིམས་དེས་རྒྱ་ནག་གི་བདེ་འཇགས་ཚན་པ་ཁག་གི་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཆོག་པ་སྟེ། ཧོང་ཀོང་གི་སྲིད་དོན་ལྟ་བ་མི་མཐུན་པ་དང་སྤྱི་ཚོགས་ལས་འགུལ་བགསར་འགོད་པ་དང་ཁྲིམས་རྩོད་པ་སོགས་ལྐོག་ཏུ་འཛིན་བཟུང་དང་བཀག་ཉར། ཁོ་ཚོར་དྲག་རྩུབ་བསྟནནས་སྡིགས་སྐུལ་བྱེད་ཆོག་པ་དང་གསོལ་ཇར་གདན་འདྲེན་ཞུ་ཡི་ཡོད་ཅེས་མགྲོན་ཁང་ཁག་ཏུ་ཁྲིད་ནས་འཇམ་པོའི་སྒོནས་འཇིགས་སྐུལ་བྱེད་ཆོག་གི་ཡོད་པ་རེད།།

རྒྱ་ནག་གི་ཡོངས་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དེའི་འབྲུ་དོན་ལྟར་ན། རྒྱ་ནག་དབུས་གཞུང་ལ་རྒྱབ་གཏོད་དང་ཁ་བྲལརྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་ཀྱི་ངོ་རྒོལ་ལས་འགུལ་ཁག་ཁྲིམས་འགལ་དུ་བསྒྱུར་ཆོག རྒྱ་ནག་གི་འབྲེལ་ཡོད་བདེ་འཇགས་ཚན་པ་ཁག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁྲིམས་ལུགས་སྲུང་སྐྱོབ་དོན་དུ་ཧོང་ཀོང་གི་ས་ཐོག་ཏུ་ལས་དོན་སྒྲུབ་ཆོག་པ། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་ལ་ངོ་རྒོལ་ཞེས་པའི་དོན་ཚན་དེར་འགྲེལ་བཤད་གསལ་པོ་ཞིག་མེད་པར་སྐབས་ཐོག་གི་དགོས་མཁོ་ལྟར་ལག་ལེན་བསྟར་ཆོག་པ་ཞིག་ཡིན་འདུག ད་ཐེངས་ཀྱི་བཅའ་ཁྲིམས་དེར་ཧོང་ཀོང་གི་གྲོས་ཚོགས་དང་གཞུང་འཛིན་ལྷན་ཁང་གཉིས་བརྒྱུད་མི་དགོས་པ། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་བསྟུན་མི་དགོས་པར་སྒྲིག་ཁྲིམས་གཏན་འབེབས་བྱས་ནས་ལག་ལེན་བསྟར་ཆོག་པའི་དོན་ཚན་རྣམས་འདུས། དེས་ན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་འབེབས་བྱེད་ཀྱི་ཡོད་པའི་ཁྲིམས་གཞི་དེར་ངོ་རྒོལ་བྱ་སྲིད། རྒྱ་ནག་གཞུང་གིས་བཅའ་ཁྲིམས་གསར་པ་དེའི་འབྲུ་དོན་ལྟར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ་སོགས་ལ་དྲག་གནོན་བྱས་ནས་གནད་དོན་ཚབས་ཆེན་ཞིག་ལ་འགྱུར་སྲིད་པའི་ཉེན་ཁ་ཆེ། ཨ་མི་རི་ཀས་དེ་ལ་ཉེས་ཆད་བཙན་འགེལ་བྱས་ནས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་ཁེ་ཕན་ཞིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱ་སྲིད།།

དེ་རིང་གཟའ་པ་སངས་ཉིན་ཧོང་ཀོང་གི་ཕྱོགས་འགལ་ཚོགས་པས་གསར་འགོད་ལྷན་ཚོགས་ཤིག་བསྐོངས། ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཧེ་ལི་ན་ཝང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་མཚམས་སྦྱོར་བྱེད་ཡོད་པའི་ཁྲིམས་གཞི་དེ་ལག་ལེན་བསྟར་ན་ཧོང་ཀོང་ས་གནས་གཞུང་གིས་ཀྱང་རྒྱ་ནག་གི་ལས་དོན་སྒྲུབ་མཁན་ཚོར་སྟངས་འཛིན་བྱེད་ཆོག་གི་མི་འདུག་ཅེས་བཤད། ཁོ་མོའི་ཕྱག་སྦྲེལ་ཁེ་ལོ་ཌི་ཡ་མཱོ་ཡིས་ཀྱང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཅི་ཞིག་གྲོས་སྡུར་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་ལ་མཐའ་གཅིག་ཏུ་ཧོང་ཀོང་གནོན་སྡོམ་བྱ་རྒྱུའི་ཀུན་སློང་ཡོད་པ་གསལ་སྟོན་བྱུང་བ་རེད། ཁོ་ཚོས་རྒྱལ་སྤྱིའི་གླེང་ཕྱོགས་ལའངསྣང་འཇོག་གཏན་ནས་བྱ་རྒྱུ་མིན་པ་ར་འཕྲོད་པ་རེད་ཅེས་བཤད། རྒྱ་ནག་གི་བཅའ་ཁྲིམས་གསར་པ་དེས་ཧོང་ཀོང་གི་ཁྲིམས་འཛིན་ལམ་ལུགས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་ཞིང་། ད་སྔ་ཧོང་ཀོང་གི་ཁྲིམས་འཛིན་ལམ་ལུགས་ལ་སྲིད་གཞུང་གི་ཐེ་གཏོགས་དང་ཁྲིམས་ཞིབ་པ་ཚོར་ཆབ་སྲིད་ཀྱི་གནོན་ཤུགས་མེད་པ། ཧོང་ཀོང་གིས་རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་ལ་བརྩི་མི་དགོས་པར་རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་ཤིག་དར་ཡོད། འོན་ཀྱང་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་རྒྱལ་ཁབ་ཀྱི་ཁྲིམས་ལ་སྒྱུར་བཅོས་གཏོང་ཆོག་པའི་མཐར་ཐུག་གི་ཁྲིམས་བཟོ་བའི་ལྷན་ཚོགས་དེ་ཡིན་པས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་འགྱུར་བ་གཏོང་ཆོག་གི་ཡོད་པ་རེད།།

རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གསར་པ་ལག་ལེན་བསྟར་པའི་རྗེས་སུ་ཧོང་ཀོང་གི་ས་ཐོག་ཏུ་བཅའ་སྡོད་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་སྔར་བཞིན་སོར་གནས་བྱེད་ཆོག་གི་ཡོད་མེདཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཧོང་ཀོང་གཞུང་གིས་འགོག་རྐྱེན་མེད་པར་གསར་འགོད་ལས་རིགས་གཉེར་ཆོག་པའི་ཐོངས་མཆན་སྤྲོད་ཀྱི་ཡོད་པར་ཚད་བཀག་ཐེབས་རྒྱུ་ཡིན་མིན། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ས་ཐོག་ཏུ་ཆེད་ལས་གཉེར་བཞིན་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་སྟངས་འཛིན་བྱ་རྒྱུ་ཤུགས་ཆེ་རུ་བཏང་ན་ཨེ་ཤི་ཡའི་ས་གནས་གཞན་ཁག་ལ་གནས་སྤོར་བྱ་དགོས་ཐུག་སྲིད། དེང་སྐབས་ཧོང་ཀོང་གི་གྲོས་ཚོགས་སུ་དམངས་གཙོ་ཚོགས་པར་འཐུས་མི་གསུམ་ཆའི་གཅིག་གི་གདན་གྲངས་ཡོད་པ་རྣམས་ཀྱང་ནུས་མེད་དུ་གྱུར་ནས་དྲག་གནོན་ཐེབས་རྒྱུ། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གཞིགས་ནས་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཁག་ཅིག་གྲོས་ཚོགས་ནས་ཕྱིར་ཕུད་བཏང་བའི་གནས་ཚུལ་བྱུང་ཡོད། ད་ལྟའི་བཅའ་ཁྲིམས་གསར་པ་དེར་ཧོང་ཀོང་ས་གནས་གཞུང་ལ་གྲོས་ཚོགས་འཐུས་མི་རྣམས་ཕྱིར་ཕུད་དང་འོས་མི་དེའི་གདན་ཐོབ་ཕྱིར་བསྡུ། ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོའི་ལས་དོན་སྒྲུབ་ཕྱོགས་ལ་ས་གནས་གཞུང་གིས་ཐེ་གཏོགས་བྱེད་ཆོག་པའི་དབང་ཚད་ཆེ་རུ་བཏང་བ། ལྷག་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་འབྲེལ་བ་ཡོད་ན་ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེའི་གྲོས་ཚོགས་ལ་བསྟུན་མི་དགོས་པའི་དབང་ཚད་ཆེན་པོ་ཡོད་ཅེས་འཁོད་ཡོད་པ་རེད།།

XS
SM
MD
LG