ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བང་རི་རིན་པོ་ཆེ་གློད་གྲོལ་བཏང་བའི་དཔང་རྟགས་སྟོན་དགོས།


༄༅།། རྒྱ་ནག་གཞུང་གིས་བང་རི་མཚམས་སྤྲུལ་རིན་པོ་ཆེར་ལོ་བཅོ་བརྒྱད་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཅིང་། ལོ་འདིའི་ཕྱི་ཟླ་༧་པའི་ཚེས་༣༠་ ཉིན་དུས་བཀག་བཙོན་འཇུག་གི་ལོ་ཚད་ཚང་གི་ཡོད་མོད། འོན་ཀྱང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བང་རི་མཚམས་སྤྲུལ་རིན་པོ་ཆེ་གློད་གྲོལ་བཏང་བའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་པས་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ཟླ་༨་པའི་ཚེས་༡་ཉིན་དྲྭ་ལམ་དུ་རྒྱ་ནག་གཞུང་ལ་བང་རི་མཚམས་སྤྲུལ་རིན་པོ་ཆེ་གློད་གྲོལ་བཏང་ཡོད་པའི་དཔང་རྟགས་སྟོན་དགོས་ཞེས་དགོས་འདུན་བཏོན་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG