ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་དང་ཤིན་ཅང་གི་ཞི་བདེ་བརྟན་བརླིང་།


ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་། བོད་ཀྱི་ས་གནས་ཁག་ཏུ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་རིམ་པ་ཞིག་བྱས་ཤིང་། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གཉིས་ལ་དམག་གིས་དྲག་གནོན་ཁོ་ན་བྱས་ནས་དབང་སྒྱུར་བྱེད་ཀྱི་ཡོད་པ་མ་ཟད། པེ་ཅིང་གི་དབང་འཛིན་པ་ཚོས་ བོད་པ་དང་ཤིན་ཅང་གི་ཡུ་གུར་པ་ཚོས་རྒྱ་ནག་གི་མངའ་ཁོངས་ནས་ཁ་བྲལ་དུ་འགྲོ་ཐབས་བྱེད་བཞིན་ཡོད་ཅེས་ཉེས་འཛུགས་བྱེད་ཀྱི་ཡོད་པ་དང་། བོད་པ་དང་ཞིན་ཅང་གི་ཡུ་གུར་པ་ཚོས་ རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་གཉའ་གནོན་བྱས་ཏེ། ཡུ་གུར་མི་རིགས་དང་བོད་པ་གཉིས་ལ་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་ཞིག་ཡོད་པ་རྒྱ་ནག་གཞུང་གིས་རྩ་མེད་གཏོང་གི་ཡོད་པ་དང་། བོད་པ་དང་ཡུ་གུར་པ་ཚོ་རང་ཡུལ་དུ་གྲངས་ཉུང་མི་རིགས་ཤིག་ལ་གྱུར་ཡོད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG